ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་གཞི་ཁྱོན་ཆེ་བའི་དམག་དོན་གྲབས་གཉེར་ལ་ཞིབ་བཤེར་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་ཚེས6ཉིན་བརྙན་འཕྲིན་ཁ་པར་ཚོགས་འདུ་སྟེང་། ཨུ་རུ་སི་ཡིས་ཟླ་འདི་ནས་བཟུང་དྲག་ཆས་དམག་དཔུང་ལ་གཞི་ཁྱོན་ཆེ་བའི་དམག་དོན་གྲབས་གཉེར་གྱི་ཞིབ་བཤེར་བྱེད་མགོ་རྩོམ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས

ཧྲའོ་དབྱི་ཀུའུ་ཡིས་བཤད་རྒྱུར། ཐེངས་འདིའི་དམག་དོན་གྲབས་གཉེར་གྱི་ཞིབ་བཤེར་འཆར་གཞི་ནང་དམག་དོན་དོ་དམ་སྡེ་ཁག་ཁོངས་གཏོགས་ཀྱི་ཡན་ལག་སྡེ་ཁག་དང་དམག་དཔུང་སོ་སོའི་དམག་རིགས་ཁག་འདུ་ལ། འཆར་གཞི་ལྟར་ན་ཟླ4པའི་ནང་འབེན་ར101དང་སྦྱོང་བརྡར་རྟེན་གཞི520རུ་རིམ་པ་མི་འདྲ་བའི་དམག་དོན་གྲབས་གཉེར་གྱི་དངོས་སྦྱོང་ཐེངས4048བྱ་རྒྱུ་རེད། དེའི་ཁྲོད་ཨུ་རུ་སིའི་དམག་ཁུལ་སོ་སོ་དང་བྱང་ཕྱོགས་དམག་གྲུ་རུ་ཁག་སོགས་ཀྱིས་དངོས་སྦྱོང་ནང་ཞུགས་རྒྱུ་ཡིན་ལ་དངོས་སྦྱོང་བྱ་ཡུལ་ནི་བྱང་སྣེ་དང་ཐཱན་ཁྲ་ཅ་ས་ཁུལ་རེད།

ཧྲའོ་དབྱི་ཀུའུ་ཡིས་དམག་དཔུང་ཁག་གི་དམག་མིས་མི་ལུས་བདེ་འཇགས་དང་དམག་དོན་སྒྲིག་ཆས་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་པའི་དུས་མཚུངས་སུ་སྤུས་ཚད་མཐོ་བའི་སྒོ་ནས་དམག་དོན་གྲབས་གཉེར་གྱི་དངོས་སྦྱོང་བྱེད་དགོས་ཞེས་བླང་བྱ་བཏོན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།