ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱ་དང་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱ་དང་བཞི་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཅཱ་ཙི་ནེ་ཞིང་ཆེན་དང་ཁྲ་པུའུ་ཨར་ཞིང་ཆེན། ཧི་ལཱ་ཐི་ཞིང་ཆེན། ཁན་ཏཱ་ཧཱ་ཞིང་ཆེན་སོགས་ས་ཁུལ་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཆན་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱ་དང་བཞི་བསད་པ་དང་། མི་རེ་བརྒྱད་ལ་རྨས་ཕོག དེ་ལས་གཞན་སྲིད་གཞུང་དམག་དཔུང་གིས་དྲུང་སྟབས་བདེའི་འགད་རྫས་སྒྲིག་ཆས་བརྒྱ་དང་རེ་བརྒྱད་གཏོར་ལེན་བྱས་ཟེར། 

ཐཱ་ལེ་པན་གྱིས་མིག་སྔར་ད་རུང་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། ཐཱ་ལེ་པེན་གྱིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་གིས་ཉེ་སྔོན་ཐཱ་ལེ་པན་ལ་དམིགས་པའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་བཞིན་ཡོད། གལ་ཏེ་སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་འགུལ་སྐྱོད་སྤེལ་ན། ཐཱ་ལེ་པེན་གྱིས་འཁོན་ལན་སློག་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།