ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨུ་རུ་སི་དང་ཨ་མེ་རི་ཁས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཐད་ནས་ཆུ་ཚད་མཐོ་བའི་འབྲེལ་འདྲིས་སྲུང་འཛིན་བྱེད་དགོས་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཐད་ནས་ཆུ་ཚད་མཐོ་བའི་འབྲེལ་འདྲིས་སྲུང་འཛིན་བྱེད་དགོས་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཐད་ནས་ཆུ་ཚད་མཐོ་བའི་འབྲེལ་འདྲིས་སྲུང་འཛིན་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིར་སེམས་ཁུར་བྱེད་པ་ཡིན་ཡང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ཀྱི་བྱ་འགུལ་ལ་ལྷག་ཏུ་སེམས་ཁུར་བྱེད་དགོས་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱས་མེད། གལ་ཏེ་ཨ་མེ་རི་ཁས་གནད་དོན་དེར་དོ་སྣང་བྱས་ན་ས་ཁུལ་གྱི་གནས་བབ་གཏན་འཇགས་ལ་ཕན་ཐོགས་ཡོད་ཟེར། ཁོས་བསྟན་དོན། ཨུ་རུ་སི་ཡིས་རྒྱལ་ཁབ་རང་གི་མངའ་ཁོངས་སུ་དགོས་ངེས་ཡོད་པར་འདོད་པའི་བྱ་སྤྱོད་སྤེལ་བཞིན་ཡོད་ཀྱང་། ཨ་མེ་རི་ཁས་བཏང་བའི་བརྡ་རྟགས་གང་རུང་ལ་དོ་སྣང་བྱེད་མི་སྲིད་ཟེར། 

ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ཉེ་སྔོན་སྔར་ལས་ཛ་དྲག་ཏུ་གྱུར་ཡོད། ཝུའུ་ཁི་ལན་ཕྱོགས་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་དམག་དཔུང་གཅིག་སྡུད་བྱས་ཏེ། ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་ཟེར། 

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་གཞན་པའི་དམག་དོན་སྟོབས་ཤུགས་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་ལྷག་ཏུ་འགྲོ་འདུག་ཆེ་བར་མངོན་པས། དེར་ཨུ་རུ་སིའི་ཕྱོགས་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་དགོས་ཡོད་ལ། ཨུ་རུ་སི་ཡིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་རྒྱལ་ཁབ་རང་གི་མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱེད་བཞིན་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།