“ཡོ་སྒོར་གྱི་ཡབ་ཆེན”ལུའོ་པོ་ཐེ·མོང་ཏེར་ལགས་སྐུ་གཤེགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་སྨྱན་སྦྱོར་གྱིས་ཚེས5ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ནོར་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན“ཡོ་སྒོར་གྱི་ཡབ་ཆེན”ལུའོ་པོ་ཐེ·མོང་ཏེར་ལགས་ས་གནས་དེ་གའི་དུས་ཚོད་ཚེས4ཉིན་གྱི་ཞོགས་པ་དབྱི་ཐ་ལིའི་དབུས་རྒྱུད་ཀྱི་ཞི་ཡེ་ནའི་ས་ཁུལ་གྱི་ཁྱིམ་དུ་སྐུ་གཤེགས་ཤིང་དགུང་ལོ88རེད།

མོང་ཏེར་ལགས་ནི་སྤྱི་ལོ1932ལོར་ཁ་ན་ཏ་རུ་སྐྱེས་ཤིང་དེ་སྔོན་ཨ་རིའི་ཁོ་ལོམ་པི་ཡ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་དང་དཔལ་འབྱོར་རིག་པའི“ཆེས་ལེགས་ཤོས་པའི་དངུལ་ལོར་ཁུལ་གྱི་རིགས་པའི་གཞུང་ལུགས”ཀྱི་རྨང་འདིང་མཁན་ཡིན་པ་མ་ཟད། 1999ལོར་ནོ་པེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

མོང་ཏེར་གྱིས་དུས་རབས20པའི་ལོ་རབས60པ་ནས་བཟུང་ཡོ་རོབ་ཏུ་དངུལ་ལོར་རྐྱང་པ་གཉེར་རྒྱུའི་གྲོས་འགོ་བཏོན་པ་དང་དེའི་རིགས་པའི་གཞུང་ལུགས་ཀྱིས་ཡོ་སྒོར་གཏོད་བར་རྨང་གཞི་བཏིང་བས“ཡོ་སྒོར་གྱི་ཡབ་ཆེན”ཞེས་བརྗོད་ཀྱིན་ཡོད།

མོང་ཏེར་གྱིས་དེ་སྔོན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་སོགས་རྒྱལ་སྤྱིའི་སྒྲིག་གཞིའི་བློ་འདྲི་བའི་འགན་འཁུར་མྱོང་བ་མ་ཟད། ཀྲུང་གོར་འཚམས་འདྲིར་ཐེངས་མང་ཕེབས་མྱོང་། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།