ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡཱ་ཡིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུར་ཀ་རི་ཡཱ་ཡིས་ཚེས་བཞི་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། སྲིད་འཛིན་ཏང་སྤྱི་དམངས་སྲུང་སྐྱོབ་ཏང་འདུས་པའི་སྲིད་ཏང་སུམ་ཅུ་དང་སྲིད་ཏང་མནའ་འབྲེལ་གྱི་གྲོས་ཁང་གི་ལས་གནས་ཉིས་བརྒྱ་དང་བཞི་བཅུར་འགྲན་རྩོད་བྱེད་མགོ་བརྩམས། 

པུར་ཀ་རི་ཡཱའི་ས་ཁུལ་སོ་སོའི་འདེམ་ཤོག་འཕེན་ས་དག་ཉིན་དེའི་ཞོགས་པའི་དུས་ཚོད་བདུན་ནས་སྒོ་འབྱེད་བྱས་པ་དང་། དགོང་མོའི་དུས་ཚོད་བརྒྱད་སྟེང་སྒོ་བརྒྱབ་པ་རེད། 

པུར་ཀ་རི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། འདེམ་བསྐོ་ལས་བསྡོམས་པས་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་སུམ་ཅུ་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ནང་ཕྱི་རྒྱལ་དུ་འདེམ་ཤོག་འཕེན་ས་བཞི་བརྒྱ་དང་རེ་ལྔ་བཀོད་སྒྲིག་བྱས་ཡོད། སྔོན་དཔག་བྱས་ན་འདེམ་བསྐོའི་མཇུག་འབྲས་དེ་ཚེས་བརྒྱད་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར། 

ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་ཐག་གཅོད་བྱེད་ཆེད། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལས་ཁ་ཁར་བྱས་པའི་འདེམ་དམངས་ཁྲོད་དུ་འདེམ་ཤོག་འཕེན་ས་བཀོད་སྒྲིག་བྱས་ཡོད། 

པུར་ཀ་རི་ཡཱའི་གྲོས་ཁང་གིས་གྲོས་ཁང་གཅིག་གི་ལམ་ལུགས་ལག་བསྟར་བྱེད་པ་དང་། ལོ་བཞིའི་ནང་འདེམ་བསྐོའི་བྱ་འགུལ་ཐེངས་རེ་སྤེལ་བཞིན་ཡོད་ལ། གྲོས་ཁང་གི་ཕྱེད་ཀའི་ཡན་གྱི་ལས་གནས་ཐོབ་པའི་སྲིད་ཏང་གིས་སྒེར་ཚུགས་སུ་ནེ་ཀི་རྩ་འཛུགས་བྱས་ཆོག་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།