ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སོ་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཚེས་གཉིས་ཉིན་གྱི་དགོང་མོར་སྤེལ་བའི་འགུལ་སྐྱོད་ཁྲོད་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སོ་ལྔ་བསད་ཟེར། 

གསལ་སྒྲོག་ལས་བསྟན་དོན། སྲིད་གཞུང་དམག་དཔུང་གིས་ཚེས་གཉིས་ཉིན་གྱི་དགོང་མོར་ཧྥ་ལི་ཡཱ་པུའུ་ཞིང་ཆེན་དང་པཱ་ཀི་ལན་ཞིང་ཆེན་དུ་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། ཧྥ་ལི་ཡཱ་པུའུ་ཞིང་ཆེན་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ཉེར་དྲུག་བསད་པ་དང་། དྲག་ཆས་ཉེས་ཅན་སོ་གསུམ་ལ་རྨས་ཕོག པཱ་ཀི་ལན་ཞིང་ཆེན་ནས་ཐཱ་ལེ་པེན་གྱི་དྲག་ཆས་ཉེས་ཅན་དགུ་བསད། དེ་ལས་གཞན་སྲིད་གཞུང་དམག་དཔུང་གིས་ད་རུང་དྲག་ཆས་ཉེས་ཅན་གྱི་མཚོན་ཆ་དང་འགད་རྫས་སྐོར་ཞིག་མེད་པར་བཏང་། 

མིག་སྔར་ཐཱ་ལེ་པན་གྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།