ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དོན་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་དམག་དོན་འགུལ་སྐྱོད་སྤེལ་ནས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དོན་བཞི་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ལཱ་ཀི་མན་ཞིང་ཆེན་དང་ཅཱ་ཙི་ནེ་ཞིང་ཆེན། ཝ་ཨར་ཏཱ་ཁི་ཞིང་ཆེན། ཧི་ཨར་མན་ཏི་ཞིང་ཆེན། པཱ་ཏཱ་ཧི་ཧྲང་ཞིང་ཆེན། པཱ་ཨར་ཧི་ཞིང་ཆེན། ཁན་པཱ་ཧཱ་ཞིང་ཆེན་བཅས་ས་ཁུལ་ནས་ཐཱ་ལེ་པེན་དྲག་ཆས་པར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ནས། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དོན་བཞི་བསད་པ་དང་། དྲག་ཆས་ཉེས་ཅན་སོ་བརྒྱད་ལ་རྨས་ཕོག་ཡོད། དེ་ལས་གཞན་སྲིད་གཞུང་དམག་དཔུང་གིས་ད་རུང་དྲག་ཆས་ཉེས་ཅན་གྱི་མཚོན་ཆ་དང་འགད་རྫས་སྐོར་ཞིག་མེད་པར་བཟོས་ཟེར། 

མིག་སྔར་ཐཱ་ལེ་པན་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།