ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཙན་ནི་ཡཱའི་ཙུང་ཐུང་གིས་ནེ་ཀི་བཅོས་སྒྲིག་བྱས་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ3པའི་ཚེས31ཉིན། ཐན་ཙན་ནི་ཡཱའི་ཙུང་ཐུང་ཧཱ་སིང་གིས་རྒྱལ་ས་ཏའོ་ཏའོ་མཱ་ནས་གཏམ་བཤད་སྤེལ་ཏེ་ནེ་ཀི་བཅོས་སྒྲིག་བྱས་པ་ཁྱབ་སྒྲོག་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐན་ཙན་ནི་ཡཱའི་ཙུང་ཐུང་ཧཱ་སིང་གིས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ནེ་ཀི་བཅོས་སྒྲིག་བྱས་པ་ཁྱབ་སྒྲོག་བྱས། པུའུ་ཀྲང་གི་ལས་འགན་མང་བོར་འགྱུར་ལྡོག་བྱུང་ཡོད། 

ཧཱ་སིང་གིས་ཉིན་དེར་རྒྱལ་ས་ཏའོ་ཏའོ་མཱ་ནས་ནེ་ཀི་བཅོས་སྒྲིག་བྱས་པ་ཁྱབ་སྒྲོག་བྱས་ཏེ། ཕྱི་འབྲེལ་དཔོན་པོ་ལེ་པེ་ལཱ་ཐཱ་མུའུ་ལཱ་མུའུ་ལཱ་ཕྱི་འབྲེལ་དང་ཨེ་ཧྥེ་རི་ཁ་ཤར་མའི་མཉམ་ལས་པུའུ་ཀྲང་དུ་བསྐོ་འཇོག་བྱས་པ་དང་། སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་དང་ཨ་ཧྥེ་རི་ཁ་ཤར་མའི་མཉམ་ལས་པུའུ་ཀྲང་ཁཱ་པུའུ་ཏིས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་དོན་གྱི་པུའུ་ཀྲང་དུ་བསྐོ་འཇོག་བྱས། སྔོན་ཆད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ལས་དོན་གྱི་པུའུ་ཀྲང་ཨིན་ཆིན་པཱ་ནོར་སྲིད་འཆར་འགོད་པུའུ་ཀྲང་དུ་བསྐོ་འཇོག་བྱས་ཟེར། 

ཧཱ་སིང་གིས་ཧྥེ་ལེ་ཕུའུ་མུའུ་ཕན་ཀི་ཡིས་ཉིན་དེར་དམ་བཅའ་བཞག་སྟེ་ཙུང་ཐུང་གཞོན་པའི་འགན་ཁུར་རྗེས་གོང་གི་བསྐོ་འཇོག་དེ་ཁྱབ་སྒྲོག་བྱས་པ་རེད། མུའུ་ཕན་ཀི་ཡིས་དེའི་སྔོན་ནོར་སྲིད་འཆར་འགོད་པུའུ་ཀྲང་གི་འགན་ཁུར་མྱོང་། 

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཐན་ཙན་ནི་ཡཱའི་སྐབས་དེའི་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་ནད་ཀྱི་དབང་གིས་ཚེ་ལས་འདས། ཙུང་ཐུང་གཞོན་པ་ཧཱ་སིང་གིས་ཚེས་བཅུ་དགུའི་ཉིན་ཙུང་ཐུང་གི་འགན་ཁུར་ཏེ། རྒྱལ་ཁབ་དེའི་ལོ་རྒྱུས་སྟེང་གི་བུད་མེད་ཙུང་ཐུང་ཐོག་མར་གྱུར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།