ཀུའེ་ནེ་ཡཱ་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀུའེ་ནེ་ཡཱའི་སྲིད་གཞུང་གིས་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེར་ཉིན་དེར་འགྲུལ་བ་དྲུད་པའི་ཉ་བདའི་གྲུ་གཟིངས་ཤིག་ནུབ་པའི་དོན་རྐྱེན་བྱུང་ནས། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཡོད་ལ། གཞན་ཡང་མི་གཅིག་གར་སོང་རྙེད་མེད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེ་ནི་ཐོ་འགོད་བྱས་མེད་པའི་ཉ་བདའི་གྲུ་གཟིངས་ཤིག་ཡིན་པ་དང་། སྐབས་ཐོག་དེར་མཚན་མོར་ཁྲིམས་འགལ་གྱིས་འགྲུལ་བ་སྐྱེལ་འདྲེན་བྱེད་པའི་ལས་ཀ་གཉེར་བཞིན་ཡོད་པ་རེད། རྨས་མ་དག་ཉེ་འདབས་ཀྱི་སྨན་བཅོས་ལས་ཁུངས་སུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཀུའེ་ནེ་ཡཱའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་ཕྲག་འགའི་མཚོ་འགྲམ་ས་ཁུལ་དུ་ཐེག་ཚད་ལས་བརྒལ་བ་དང་ནམ་ཟླ་མི་ལེགས་པ། མཚན་མོར་ཁྲིམས་འགལ་གྱིས་འགྲུལ་བ་སྐྱེལ་འདྲེན་བྱེད་པ་སོགས་རྒྱུ་རྐྱེན་དབང་གིས་གྲུ་གཟིངས་ནུས་པའི་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།