ཀྲུང་གོ་བོད་ཀྱི་དྲ་བ།

ཀྲི་ལིའི་ཙུང་ཐུང་གིས་ཀྲུང་གོའི་ཁང་ཞི་ནུའོ་བཟོ་གྲྭའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཉོ་སྒྲུབ་བྱེད་པའི་གྲོས་མཐུན་ཡི་གེ་སྟེང་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས30ཉིན་ཀྲི་ལིའི་ཙུང་ཐུང་ཕི་ཉེ་ལ་ཡིས་ཀྲུང་གོའི་ཁང་ཞི་ནུའོ་བཟོ་གྲྭའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཉོ་སྒྲུབ་བྱེད་པའི་གྲོས་མཐུན་ཡི་གེ་སྟེང་མིང་རྟགས་བཀོད་པ་ཁྱབ་བསྒྲགས་བྱས་པ་རེད།

ཕི་ཉེ་ལ་ཡིས་ཆི་ལི་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་དུས་ཡུན་ཐུང་ངུའི་ནང་ཁང་ཞི་ནུའོ་ཡི་རིམས་འགོག་སྨན་ཁབ་གསར་པ་སྤྱོད་ཆོག་པའི་ཛ་དྲག་ཆོག་མཆན་གནང་རྩིས་ཡོད་པ་དང་སྔོན་དཔག་བྱས་ན་ཁང་ཞི་ནུའོ་ཡི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་འདི་ད་ལོའི་དུས་ཚིགས་གཉིས་པར་ཀྲི་ལི་རྒྱལ་ཁབ་དུ་དབོར་ནས་མགྱོགས་མྱུར་སྒོས་ཀྲི་ལི་རྒྱལ་ཁབ་དུ་རིམས་འགོག་སྨན་ཁབ་ཁྱབ་གདལ་དུ་གཏོང་བར་སྐུལ་ཁྲིད་བྱ་རྒྱུ་རེད་ཅེས་བཤད།

ཁང་ཞི་ནུའོ་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ནི་ཀྲུང་གོ་དམག་དོན་ཚན་རིག་གླིང་དམག་དོན་གསོ་རིག་ཞིབ་འཇུག་ཁང་དང་ཁང་ཞི་ནུའོ་ཀུང་སི་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་སྤེལ་བྱས་ཤིང་གཤེར་རྨེན་ནད་དུག་གཞི་རྟེན་ཡིན་པའི་རིམས་འགོག་སྨན་ཁབ་ཅིག་ཡིན། མིག་སྔར་ཀྲི་ལི་སོགས་རྒྱལ་ཁབ་ཏུ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ཐེངས་གསུམ་པ་བྱེད་བཞིན་ཡོད། རིམས་འགོག་སྨན་ཁབ་འདི་ཀྲུང་གོ་དང་མོ་ཞི་ཁོ། ཕ་ཁི་སི་ཐན། ཧང་ག་རི་སོགས་རྒྱལ་ཁབ་ཏུ་ཛ་དྲག་བེད་སྤྱོད་གཏོང་ཆོག་པའི་ཆོག་མཆན་ཐོབ་ཡོད།

ཀྲི་ལི་རྒྱལ་ཁབ་ཀྱིས་ཟླ2པའི་ཚེས3ཉིན་ནས་རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་བའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་པ་རེད། ཟླ3པའི་ཚེས30ཉིན་བར་ཀྲི་ལིའི་རྒྱལ་ཡོངས་ཀྱི་མི་ཁྲི658ལ་ཉུང་མཐར་ཡང་རིམས་འགོག་སྨན་ཁབ་ཐེངས་དང་པོ་དེ་བརྒྱབ་པ་རེད།ཀྲི་ལིའི་འཆར་གཞི་ལྟར་ན་ད་ལོའི་ལོ་སྟོད་དུ་མི་ཁྲི1500ལ་སྨན་ཁབ་རྒྱག་རྒྱུ་ཡིན་ལ་དེས་མི་འབོར་བསྡོམས་འབོར་གྱི80%ཙམ་ཟིན་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།