ཀྲུང་གོ་བོད་ཀྱི་དྲ་བ།

འབར་མ་དམག་ཕྱོས་ཀྱིས་ཡང་བསྐྱར་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་རྒྱལ་སྲུང་དམག་དཔུང་གི་དམག་སྤྱི་མེན་ཨང་ལའེ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། བྲེལ་མྱུར་རྣམ་པ་མཇུག་སྒྲིལ་རྗེས། ཡང་བསྐྱར་འདེམ་བསྐོའི་བྱ་འགུལ་སྤེལ་ནས་རྒྱལ་ཁབ་ཀྱི་དབང་ཤུགས་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར། 

མེན་ཨང་ལའེ་ཡིས་ཉིན་དེར་རྒྱལ་ས་ནེ་པུས་ཏུའུ་ནས་སྤེལ་བའི་འབར་མའི་སྐབས་དོན་དྲུག་པའི་དམག་འཛུགས་དུས་ཆེན་གྱི་དམག་གཟིགས་མཛད་སྒོའི་སྟེང་བཤད་རྒྱུར། དམག་དཔུང་ནི་རྒྱལ་ཁབ་ཀྱི་གྲུབ་ཆ་ཞིག་ཡིན་པ་དང་། དམག་མི་ཡང་མི་དམངས་ཀྱི་གྲུབ་ཆ་ཞིག་ཡིན་པས། མཉམ་དུ་འབད་བརྩོན་བྱས་ནས་གཏན་འཇགས་དང་དར་རྒྱས་ཀྱི་འཚོ་བ་མངོན་འགྱུར་བྱེད་དགོས་ལ། དམག་དཔུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འགན་སྲུང་བྱེད་དགོས་ཟེར། 

མེན་ཨང་ལའེ་ཡིས་བཤད་རྒྱུར། རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་ལམ་ཐིག་འཆར་གཞི་དང་དམིགས་འབེན་ལྟར་འགན་འཁྲི་ལག་བསྟར་བྱེད་པ་དང་། ཕྱི་འབྲེལ་དང་སྲིད་འཛིན། ཞི་བདེའི་འཕེལ་རིམ་བཅས་ཀྱི་ལས་དོན་ཐད་ད་ཡོད་ཀྱི་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། དམག་དཔུང་གིས་མུ་མཐུད་དུ་ཕྱི་ཕྱོགས་མཉམ་ལས་སྤེལ་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།