ཨ་ཧྥུའུ་ཧན་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་ཉེན་རྟོག་པ་བཅུ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་གྱི་ཉེན་རྟོག་པའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ཉིན་དེར་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉེན་རྟོག་པ་བཅུ་རྐྱེན་ལམ་དུ་ཤོར་ཟེར། 

ཧི་ཨར་མན་ཏི་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་མགྲི་ཚབ་པ་ཧཱ་མུའུ་ཏཱ་ཨར་ཏི་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཉིན་དེའི་ཞོགས་པར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉེན་རྟོག་པའི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པ་དང་། དེའི་རྗེས་ཀྱི་འཁྲུག་རྩོད་ཁྲོད་དུ་ཉེན་རྟོག་པ་བཅུ་རྐྱེན་ལམ་དུ་ཤོར་ཡོད་ལ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅོ་ལྔ་བསད། གཞན་ཡང་དྲག་ཆས་ཉེས་ཅན་བདུན་ལ་རྨས་ཕོག་ཡོད་ཟེར། 

མིག་སྔར་ཐཱ་ལེ་པན་གྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། ཧི་ཨར་མན་ཏི་ཞིང་ཆེན་ནི་ཐཱ་ལེ་པན་དྲག་ཆས་པ་རྒྱུན་དུ་འགུལ་སྐྱོད་བྱེད་པའི་ས་ཁུལ་ཞིག་རེད། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།