ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱི་རྒྱལ་ས་ནས་ཐོག་ཁང་ཞིག་ལ་རྡིབས་སྐྱོན་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20210328085645sieP.jpeg

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། རྒུད་སྐྱོབ་མི་སྣས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཐོག་ཁང་རྡིབས་པའི་ཡུལ་དངོས་སུ་སྔོག་བཤེར་བྱེད་བཞིན་པ། 

20210328085709BIRA.jpeg

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། རྒུད་སྐྱོབ་མི་སྣས་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཐོག་ཁང་རྡིབས་པའི་ཡུལ་དངོས་སུ་སྔོག་བཤེར་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བརྩེགས་རིམ་བཅུ་ཅན་གྱི་ཐོག་ཁང་ཞིག་ལ་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་རྡིབས་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བཞིར་རྨས་ཕོག་ཡོད་ཟེར། 

ཁེ་རོ་ཞིང་ཆེན་སྲིད་གཞུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། རྡིབས་སྐྱོན་ཤོར་བའི་ཐོག་ཁང་དེ་ཁེ་རོའི་སཱ་ལཱ་མུའུ་ས་ཁུལ་དུ་གནས་པ་དང་། མིག་སྔར་རྒུད་སྐྱོབ་དཔུང་སྡེ་ཡིས་ཞིག་རོའི་ཁྲོད་དུ་སྔོག་བཤེར་བྱེད་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཁེ་རོ་ཞིང་ཆེན་སྲིད་གཞུང་གིས་བཟོ་སྐྲུན་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ཉེ་འདབས་ཀྱི་སྡོད་ཁང་དག་བདེ་འཇགས་ཡིན་མིན་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།