སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་ནི་རྒྱལ་ཁབ་མང་པོའི་མཉམ་ལས་ལས་གཞི་ལེགས་འགྲུབ་བྱུང་བའི་དཔེ་མཚོན་ཡིན་ཞེས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། སེར་ཝེ་ཡའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་རྒྱལ་ས་པེ་ཨར་ཀི་ལེ་ཏི་ནས་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱེད་སྐབས་བསྟན་དོན། ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་ནི་རྒྱལ་ཁབ་མང་པོའི་མཉམ་ལས་ལས་གཞི་ལེགས་འགྲུབ་བྱུང་བའི་དཔེ་མཚོན་ཡིན་ཟེར།

ཉིན་དེར་ཝུའུ་ཆི་ཆི་ཡིས་སེར་ཝེ་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་པའོ་དང་དེ་མིན་སེར་ཝེ་ཡ་སྲིད་གཞུང་གི་འཐུས་མི་སོགས་དང་མཉམ་དུ་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་གྱི་སེར་ཝེ་ཡའི་ས་ཐོག་གི་ལྕགས་ལམ་ལས་གཞིའི་ཡུལ་དངོས་ལ་ལྟ་ཞིབ་བྱས།

ཝུའུ་ཆི་ཆི་ཡིས་བཟོ་སྐྲུན་འཕེལ་རིམ་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་རྗེས་བཤད་དོན། ལོ་གཅིག་གི་རྗེས་སུ་ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་ལེགས་འགྲུབ་བྱུང་རྗེས། སེར་ཝེ་ཡའི་མང་ཚོགས་མེ་འཁོར་དེ་ལ་བསྡད་དེ་པེ་ཨར་ཀི་ལེ་ཏི་དང་སེར་ཝེ་ཡའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ནའོ་ཝེ་ས་ཏི་ལ་སོང་ཆོག་ཟེར།

ཝུའུ་ཆི་ཆི་ཡིས་ད་དུང་ཀྲུང་གོར་བཀའ་དྲིན་ཆེ་ཞུས། ཁོས་བཤད་དོན། ཧང་ག་རི་དང་སེར་ཝེ་ཡའི་ལྕགས་ལམ་ནི་སེར་ཝེ་ཡ་དང་ཀྲུང་གོ་དང་ཧང་ག་རི་བཅས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་དུ་མཉལ་ལས་བཟང་བོ་བྱས་ཡིན་པ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།