ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་དུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྐྱར་མཆེད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། རྒྱ་གར་འཕྲོད་བསྟེན་པུའུ་ཡིས་འགྲེམ་སྤེལ་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱ་གར་དུ་དུས་ཚོད་ཉེར་བཞིའི་ནང་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་ལྔ་དང་སྟོང་གསུམ་བཞི་བརྒྱ་དོན་དྲུག་འཕར་སྣོན་བྱུང་བ་དང་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བདུན་དང་ཁྲི་བརྒྱད་ལས་བརྒལ་ཞིང་རྐྱེན་ལམ་དུ་ཤོར་བའི་ནད་པ་འབུམ་གཅིག་དང་ཁྲི་དྲུག་ལས་བརྒལ།

ད་ལོའི་ཟླ་དང་པོ་དང་ཟླ་གཉིས་པའི་ནང་། རྒྱ་གར་དུ་ཉིན་རེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འཕར་ཚད་ཁྲི་གཅིག་གི་མན་ལ་བབས་པ་དང་། ཡིན་ནའང་དཔལ་འབྱོར་བྱ་འགུལ་རིམ་བཞིན་སྤེལ་མགོ་བརྩམས་པ་དང་བསྟུན་ནས། མང་ཚོགས་ཀྱིས་རིམས་འགོག་བྱ་བར་དེ་འདྲ་མཐོང་ཆེན་མ་བྱས་པའི་དབང་གིས་ཉེ་ལམ་རིམས་ནད་བསྐྱར་མཆེད་བྱུང་བ་དང་།  པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་མགྱོགས་མྱུར་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད།

རྒྱ་གར་སྲིད་གཞུང་གིས་ས་གནས་སོ་སོས་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།