མོ་རོ་ཁོའི་ཉེན་རྟོག་ཕྱོགས་ཀྱིས་སོ་མ་ར་ཙའི་བཟོས་རྫས་ཏུན་གཉིས་རྩད་ཆོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། མོ་རོ་ཁོ་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ནང་བཤད་དོན། ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་མོ་རོ་ཁོའི་བྱང་ཕྱོགས་གྲོང་ཁྱེར་ཀེ་ཉི་ཐི་ལ་ཉེ་འདབས་སུ་སོ་མ་ར་ཙའི་བཟོས་རྫས་ཏུན་གཉིས་རྩད་ཆོད་ཟེར།

སྤྱི་ཁོག་ནང་བཤད་དོན། ཉེན་རྟོག་ཕྱོགས་ཀྱིས་ཀེ་ཉི་ཐི་ལའི་ཉེ་འདབས་སུ་ཚོང་སྐྱེལ་རླངས་འཁོར་ཞིག་བཀག་སྟེ་ཞིབ་བཤེར་བྱས་རྗེས།  རླངས་འཁོར་ནང་དུ་སོ་མ་ར་ཙའི་བཟོས་རྫས་ཏུན་གཉིས་ཡོད་པ་དང་དོགས་ཡོད་ཉེས་ཅན་བཞི་ཐེངས་འདིའི་འགུལ་སྐྱོད་ཁྲོད་འཛིན་བཟུང་བྱས། མོ་རོ་ཁོའི་ཁྲིམས་འཛིན་ལས་ཁུངས་ཀྱིས་གྱོད་གཞི་དེར་ཞིབ་བཤེར་བྱེད་བཞིན་ཡོད་ཟེར།

མོ་རོ་ཁོའི་ས་ཁུལ་ཁ་ཤས་སུ་ཁྲིམས་དང་འགལ་ཏེ་སོ་མ་ར་ཙ་འདེབས་འཛུགས་བྱེད་པའི་གནས་ཚུལ་ཧ་ཅང་ཚབས་ཆེ་བ་དང་། སོ་མ་ར་ཙའི་བཟོས་རྫས་མང་ཤོས་ཡོ་རོབ་གླིང་ཕྱོགས་ལ་ལྐོག་འཚོང་རྒྱག་བཞིན་ཡོད། འདས་པའི་ལོ་བཅུ་ལྷག་གི་རིང་ལ། མོ་རོ་ཁོ་བདེ་འཇགས་ལས་ཁུངས་ཀྱིས་སོ་མ་ར་ཙ་འདེབས་འཛུགས་དང་སོ་མ་ར་ཙའི་བཟོས་རྫས་བརྗེ་རེས་བྱེད་པར་རྡུང་རྡེག་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ཉིས་སྟོང་ཉི་ཤུ་ལོར་སོ་མ་ར་ཙའི་བཟོས་རྫས་ཏུན་ཉིས་བརྒྱ་དང་བཅུ་བདུན་རྩད་ཆོད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།