ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ཐེ་ཏི་ཝོ་རུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ནས་ཉུང་མཐར་ཡང་མི20རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་པི་རང་ནས་སྤེལ་བའི་གནས་ཚུལ། ཁོ་ཐེ་ཏི་ཝོ་གསར་འགྱུར་ཁང་གིས་ཚེས25ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་དེའི་དབུས་རྒྱུད་གྲོང་ཁྱེར་པུ་ཝ་ཧྥུའུ་ལའེ་ཡི་ཉེ་འཁོར་དུ་ཚེས24ཉིན་གྱི་དགོང་མོ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ནས་ཉུང་མཐར་ཡང་མི20རྐྱེན་ལམ་དུ་ཤོར།

ཁོའོ་ཐུང་གསར་འགྱུར་ཁང་གིས་ས་གནས་དེ་གའི་མེ་ཟོན་སྡེ་ཁག་གི་ཆ་འཕྲིན་གཞིར་བཟུང་ནས་གནས་ཚུལ་སྤེལ་བར་གཞིགས་ན། འགེལ་ཚུལ་ཕྱེད་ཙམ་གྱི་ཟོག་འདྲེན་རླངས་འཁོར་ཞིག་འགྲོ་སྐྱོད་བྱེད་པའི་ལམ་བར་དུ་གློ་བུར་དུ་འཁོར་ལོ་འབར་གས་བྱུང་ཞིང་། དེ་རྗེས་ཁ་གཏད་ནས་ཡོང་བཞིན་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་པས་མི20རྐྱེན་ལམ་དུ་ཤོར་ཞིང་མི33ལ་རྨས་སྐྱོན་ཕོག

གནས་ཚུལ་སྤེལ་བར་གཞིགས་ན། རྨས་མ་ཚང་མ་པུའུ་ཝ་ཧྥུའུ་ལའེ་གྲོང་ཁྱེར་གྱི་སྨན་བཅོས་སྡེ་ཁག་ཏུ་སྐྱོབ་བཅོས་བྱེད་བཞིན་ཡོད་ལ་འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།

ཁོ་ཐེ་ཏི་ཝོ་རྒྱལ་ཁབ་འགྲོ་ལམ་བདེ་འཇགས་གཞུང་ལས་ཁང་གིས་བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཁབ་དེར་ལོ་རེར་ཆ་སྙོམས་མི600ལྷག་འགྲིམ་འགྲུལ་དོན་རྐྱེན་ལས་རྐྱེན་ལམ་དུ་ཤོར་བཞིན་ཡོད་ལ། རྒྱུ་རྐྱེན་གཙོ་བོ་ནི་ཁ་ལོ་བའི་རྒྱུ་རྐྱེན་དང་ལམ་ངོས་ཅུང་ཞན་པ། འཁོར་རིགས་ལ་ཆག་སྐྱོན་ཤོར་བ་སོགས་ལས་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།