ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱ་གཉིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་དམག་དོན་འགུལ་སྐྱོད་སྤེལ་སྐབས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱ་གཉིས་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཝ་ཨར་ཏཱ་ཁི་ཞིང་ཆེན་དང་པཱ་ཨར་ཧི་ཞིང་ཆེན། ཧྥ་ལི་ཡཱ་པུའུ་ཞིང་ཆེན། སཱ་ཨར་ཕུའུ་ལེ་ཞིང་ཆེན། ཁྲ་པུའུ་ཨར་ཞིང་ཆེན། ཧི་ཨར་མན་ཏི་ཞིང་ཆེན། ཁོན་ཏུའུ་ཧྲི་ཞིང་ཆེན། ཁན་ཏཱ་ཧཱ་ཞིང་ཆེན་བཅས་ས་ཁུལ་མང་བོ་ནས་ཐཱ་ལེ་པན་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱ་གཉིས་བསད་པ་དང་། དྲག་ཆས་ཉེས་ཅན་སུམ་ཅུར་རྨས་ཕོག་ཡོད། དེ་ལས་གཞན་སྲིད་གཞུང་དམག་དཔུང་གིས་ད་རུང་གཞུང་ལམ་མང་བོའི་འགྲམ་ནས་སྟབས་བདེའི་འགས་གཏོར་སྒྲིག་ཆས་ཉེར་གསུམ་གཏོར་ལེན་བྱས་ཡོད། 

ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་དེར་རྣམ་འགྱུར་ཅི་ཡང་བསྟན་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།