དབྱི་སི་རལ་གྱིས་ཡང་བསྐྱར་གྲོས་ཁང་གི་འདེམས་བསྐོ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ3པའི་ཚེས23ཉིན། དབྱི་སི་རལ་གྱིས་ཚེས23ཉིན་སྐབས24བའི་གྲོས་ཁང་གི་འདེམས་བསྐོ་བྱས་ཤིང་། བསྡོམས་པས་ཏང་སྲིད་དང་ཏང་ཁག་མནའ་འབྲེལ38གྱིས་གྲོས་ཁང་གི་འདུག་གནས120ཡོད། འདི་ནི་དབྱི་སི་རལ་གྱི་ལོ་གཉིས་རིང་སྤེལ་བའི་འདེམས་བསྐོ་ཆེ་ཤོས་ཐེངས་བཞི་བ་རེད།

ཐེངས་འདིའི་གྲོས་ཁང་གི་འདེམས་བསྐོའི་འདེམས་ཤོག་དེ་ས་གནས་ཀྱི་དུས་ཚོད་ཚེས23ཉིན་གྱི་དུས་ཚོད7ནས་དུས་ཚོད22བར་སྤེལ་རྒྱུ་རེད། དབྱི་སི་རལ་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་ཁྱབ་བསྒྲགས་བྱས་པའི་གྲངས་ཀ་ལས་མངོན་པ་ལྟར་ན། རྒྱལ་ཡོངས་སུ་ཐོབ་ཐང་ཡོད་པའི་འདེམས་དམངས་ཁྲི658ཡོད་པ་དང་། རྒྱལ་ཡོངས་སུ་ཁྱོན་བསྡོམས་འདེམས་ཤོག་འཕེན་ས13685ཡོད་པ་དང་། དེའི་ཁྲོད་འདེམས་ཤོག་འཕེན་ས751གིས་པྲོག་གསར་རིམས་ནད་ཁྲོད་ཀྱི་ནད་དུག་ཕོག་མཁན་ལ་བཀོད་སྒྲིག་བྱས་པ་རེད།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཁྱབ་བསྒྲགས་བྱས་པའི་འདེམས་བསྐོའི་སྔོན་གྱི་བརྟག་དཔྱད་མཇུག་འབྲས་ལས་མངོན་པ་ལྟར་ན། ད་ལྟའི་འགན་ཁུར་བཞིན་པའི་ཙུང་ལི་ནའེ་ཐ་ནི་ཡའི་མགོ་ཁྲིད་ཡིན་པའི་ལིའི་ཁུའུ་ཏི་སྡེ་ཚོགས་ལ་འདུག་གནས30ཐོབ་པའི་རེ་བ་ཡོད། 

2019ལོའི་རིང་ལ། དབྱི་སི་རལ་གྱིས་གྲོས་ཁང་གི་འདེམས་བསྐོ་ཐེངས་གསུམ་ལ་སྤེལ་ཟིན་པ་དང་། ཡང་སྔོན་གྱི་ཐེངས་གཉིས་ཚང་མ་ཕམ་ཁ་བྱུང་། ལིའི་ཁུའུ་ཏི་སྡེ་ཚོགས་དང་བར་མའི་ཕྱོགས་ཁག་གི་སྔོན་དཀར་ཏང་ཁག་གིས2020ལོའི་ཟླ5བར་མཉམ་འབྲེལ་སྲིད་གཞུང་བཙུགས་ནས་ནང་བློན་གྱི་གནས་བབ་གཏོར། ཡིན་ནའང་ཕྱོགས་གཉིས་ཀྱི་འགལ་བ་ཛ་དྲག་ཡིན་པས་མཉམ་ལས་བྱེད་མ་ཐུབ་ཅིང་། གྲོས་ཁང་གིས་ལོ་དེའི་ཟླ12བར་ཁ་འཐོར་དུ་སོང་བ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།