ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་སྐུ་གཤེགས་པར་ཐན་ཙན་ནི་ཡའི་ཙུང་ཐུང་གསར་པ་ཧཱ་སང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་སྐུ་གཤེགས་པར་ཐན་ཙན་ནི་ཡའི་ཙུང་ཐུང་གསར་པ་ཧཱ་སང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པ་མ་ཟད། མི་སྒེར་ངོས་ནས་ཀྱང་མྱ་ངན་ཞུས་ཤིང་། ཐན་ཙན་ནི་ཡའི་སྲིད་གཞུང་དང་མི་དམངས། དེ་མིན་མཱ་ཀུའུ་ཧྥུའུ་ལི་ཙུང་ཐུང་གི་གཉེན་ཉེ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་ནི་ཐན་ཙན་ནི་ཡའི་ཕུལ་བྱུང་མགོ་ཁྲིད་པ་ཡིན་ལ་སྐུ་འཚོ་བཞུགས་གནང་སྐབས་ཀྲུང་ཐན་དང་ཀྲུང་ཧྥེའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གང་ལེགས་འདོན་མཁན་ཞིག་ཡིན། ཁོང་སྐུ་གཤེགས་པ་ནི་ཐན་ཙན་ནི་ཡའི་མི་དམངས་ལ་མཚོན་ན་གྱོང་གུན་ཆེན་པོ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ལའང་གྲོགས་པོ་བཟང་པོ་ཞིག་ཇེ་ཉུང་དུ་གྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཐན་བར་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་མོར་བརྩི་མཐོང་བྱེད་བཞིན་ཡོད་པས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།