ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཅིག་འབུམ་དགུ་ཁྲི་དྲུག་སྟོང་དགུ་ཉིས་བརྒྱ་ཉེར་གསུམ་ལ་བསླེབས་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་ཚིགས་ལས་བྱུང་བའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་ཉེར་བརྒྱད་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་བཞི་དང་ཁྲི་དགུ་སྟོང་བཞི་དགུ་བརྒྱ་བཅུ་བདུན་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཅིག་འབུམ་དགུ་ཁྲི་དྲུག་སྟོང་དགུ་ཉིས་བརྒྱ་ཉེར་གསུམ་ལ་བསླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྟོང་དགུ་དང་དགུ་བརྒྱ་ཉེར་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་དྲུག་ཁྲི་དགུ་སྟོང་བཞི་གོ་བཞིར་བསླེབས་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཅིག་འབུམ་དགུ་ཁྲི་དྲུག་སྟོང་དགུ་ཉིས་བརྒྱ་ཉེར་གསུམ་ལ་བསླེབས།