ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་ཀུང་ཁྲིན་རྫོང་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གནམ་གཤིས་བརྟག་དཔྱད་ཐིན་གྱིས་བསྒྲགས་པ་ལྟར་ན། འཇར་པན་གྱི་ཀུང་ཁྲིན་རྫོང་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་། ཀུང་ཁྲིན་དང་ཡན་ཧྲིག ཧྥུའུ་ཏའོ་སོགས་རྫོང་དུ་ས་འགུལ་གྱི་ཚོར་སྣང་དྲག་པོ་ཡོད་ཟེར། 

འཇར་པན་གནམ་གཤིས་བརྟག་དཔྱད་ཐིན་གྱིས་བསྒྲགས་པ་ལྟར་ན། ས་འགུལ་དེ་ཚེས་ཉི་ཤུ་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་དང་སྐར་མ་དགུའི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཀུང་ཁྲིན་རྫོང་མུའུ་ལུའུ་ཕྱེད་གླིང་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་ཉི་ཤུའི་མཚམས་ཀྱི་མཚོ་ཁོངས་ནས་བྱུང་བ་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་དྲུག་ཅུ་ཡོད་ཟེར། 

འཇར་པན་གནམ་གཤིས་བརྟག་དཔྱད་ཐིན་གྱིས་ཐེངས་འདིའི་ས་འགུལ་ལས་མཚོ་འཕྱུར་བའི་དོན་རྐྱེན་འབྱུང་བའི་ཉེན་བརྡ་བཏང་བ་དང་། ཚོད་དཔག་བྱས་ན་ཀུང་ཁྲིན་རྫོང་དུ་མཐོ་ཚད་ལ་རྨིད་གཅིག་ཡོད་པའི་རྒྱ་མཚོ་འཕྱུར་བའི་གནས་ཚུལ་འབྱུང་སྲིད་པས། ས་དེའི་སྡོད་དམངས་དག་མཚོ་འགྲམ་དང་གཙང་བོའི་འདྲིས་མཚམས་སོགས་དང་རིང་དུ་གྱེས་དགོས་པའི་གསལ་འདེབས་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།