ཀྲུང་གོ་བོད་ཀྱི་དྲ་བ།

མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་གིས་མགྱོགས་མྱུར་ངང་ཛ་དྲག་གནས་ཚུལ་གྱི་འཕྲལ་བསྟུན་འབྲེལ་གཏུག་མ་ལག་འཛུགས་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐེར་ཐུའུ་ལེ་ཀ་ཡིས་ཚེས16ཉིན་ཉེ་ལམ་གྱི་ས་རྡུལ་རླུང་འཚུབ་ཆེན་མོ་དང་གངས་སྐྱོན་ཁྲོད་ཚེ་ལས་འདས་པར་མྱ་ངན་ཞུས་པ་དང་། སྲིད་གཞུང་གིས་མགྱོགས་མྱུར་ངང་ཛ་དྲག་གནས་ཚུལ་འོག་འབྲོག་ཁུལ་མང་ཚོགས་དང་འཕྲལ་བསྟུན་མི་སྣ་བར་གྱི་འབྲེལ་གཏུག་མ་ལག་བཙུགས་ནས་མང་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན།

མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། པ་ཐེར་ཐུའུ་ལེ་ཀ་ཡིས་བསྟན་དོན། མོང་གོལ་རྒྱལ་ཁབ་ལ་ལོ་གཅིག་གི་དུས་ཚིགས་བཞི་བོར་གནམ་གཤིས་ཀྱི་གནོད་སྐྱོན་ཐེབས་བཞིན་ཡོད་པས་རྒྱ་ཆེའི་འབྲོག་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱེད་རྒྱུ་ནི་འགན་འཁྲི་རུ་གྱུར་ཡོད། སྲིད་གཞུང་གིས་འབྲོག་དམངས་ལ་མྱུར་སྐྱོབ་ཉེན་བརྡ་འཕྲུལ་ཆས་དངGPSགནས་ཐིག་གཏན་འཁེལ་སྒྲིག་ཆས་སོགས་ཚན་རྩལ་སྒྲིག་ཆས་འདོན་སྤྲོད་བྱས་ནས། འབྲོག་དམངས་གིས་ཆུ་ལོག་དང་ས་རྡུལ་རླུང་འཚུབ། གངས་སྐྱོན་སོགས་ཀྱི་རང་བྱུང་གནམ་གཤིས་གནོད་སྐྱོན་དང་འཕྲད་དུས་ཕྱི་ཕྱོགས་ལ་རོགས་སྐྱོབ་གནང་རོགས་ཞུ་ཆོག་པའི་གྲོས་གཞི་བཏོན།

མོང་གོལ་རྒྱལ་ཁབ་ཛ་དྲག་གནས་ཚུལ་སྤྱི་ཁྱབ་ཅུས་ཀྱི་དྲ་ཚིགས་ལས་ཚེས16ཉིན་གནས་ཚུལ་སྤེལ་དོན། མོང་གོལ་རྒྱལ་ཁབ་ཀྱི་ས་ཁུལ་ཁ་ཤས་སུ་ཉེ་ལམ་ས་རྡུལ་རླུང་འཚུབ་དང་གངས་སྐྱོན་གནམ་གཤིས་བྱུང་ལ། དེ་ཞིང་ཆེན12དང་རྫོང51ལ་ཁྱབ་ནས་མི10ཤི་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།