ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡཱ་ཡིས་ཚེས་ཉེར་གཉིས་ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པུར་ཀ་རི་ཡཱའི་འཕྲོད་བསྟེན་པུའུ་ཀྲང་ཨན་ཀི་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གཟའ་འཁོར་རེའི་རྒྱུན་སྲོལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་གཉིས་ཉིན་ནས་བཟུང་རྒྱལ་ཡོངས་སུ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དུས་ཡུན་ཉིན་བཅུ་ཡིན་ཟེར། 

ཐེངས་འདིའི་བྱེད་ཐབས་ལ་བྱིས་སྐྱོང་ཁང་དང་སློབ་ཆུང་། སློབ་འབྲིང་། སློབ་ཆེན་བཅས་ཀྱི་འབྲེལ་ཡོད་སློབ་གསོའི་གསོ་སྦྱོང་ལས་ཁུངས་ཚང་མའི་སྒོ་བརྒྱག་པ་དང་། ལུས་རྩལ་ར་བ་དང་རོལ་རྩེད་ཁང་། ཚོང་ར་ཆེན་མོ་བཅས་ཀྱི་སྒོ་བརྒྱག་དགོས། མཛེས་རྩལ་ཁང་དང་རྟེན་མཛོད་ཁང་། གློག་བརྙན་ཁང་བཅས་ཚང་མའི་སྒོ་བརྒྱག་དགོས། ཟ་ཁང་ཚང་མས་འགྲུལ་བ་སྣེ་ལེན་བྱེད་མི་ཆོག་ཀྱང་ཕྱི་སྐྱེལ་ཟ་མ་ལས་ཆོག རྩ་འཛུགས་ཡོད་པའི་གནས་སྐོར་བྱ་འགུལ་མཚམས་འཇོག་དགོས། རིགས་སྣ་ཚོགས་ཀྱི་འདུ་ཁྲོམ་དང་འགྲེམ་སྟོན། དགའ་སྟོན་བྱ་འགུལ་སོགས་གནས་སྐབས་སུ་མཚམས་འཇོག་དགོས་པ་བཅས་འདུས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།