ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཁོ་ཞིན་པྲོག་གསར་གློ་ཚད་འགོག་སྨན་སྐོར་ཐེངས་གཉིས་པ་ཝུ་ར་ཀུའེ་ལ་འབྱོར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1616010681941_1.jpg

ཟླ3པའི་ཚེས16ཉིན། ཝུ་ར་ཀུའེ་རྒྱལ་ས་མིན་ཏེ་ཝེ་ཏི་ཡ་རུ་ལས་བྱེད་མི་སྣས་གནམ་གྲུའི་སྟེང་ཀྲུང་གོའི་ཁོ་ཞིན་པྲོག་གསར་གློ་ཚད་འགོག་སྨན་ལེན་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིན་ཏེ་ཝེ་ཏི་ཡ་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཀྲུང་གོའི་ཁོ་ཞིན་ཀུང་ཟིས་ཞིབ་འཇུག་གསར་བཟོ་བྱས་པའི་པྲོག་གསར་གློ་ཚད་འགོག་སྨན་སྐོར་ཐེངས་གཉིས་པ་ཚེས16ཉིན་ཝུ་ར་ཀུའེ་ཡི་རྒྱལ་ས་མིན་ཏེ་ཝེ་ཏི་ཡ་ལ་འབྱོར་བ་དང་། དུས་མཚུངས་སུ་ད་རུང་ཀྲུང་གོས་ཝུ་ར་ཀུའེ་ལ་ཞལ་འདེབས་ཕུལ་བའི་ཁ་ཐུམ་དང་མིག་སྲུང་མིག་ཤེལ་སོགས་རིམས་འགོག་དངོས་རྫས་ཡང་འབྱོར་ཡོད།

ཝུ་ར་ཀུའེ་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཀྲུང་གོའི་ཁོ་ཞིན་པྲོག་གསར་གློ་ཚད་འགོག་སྨན་ཐོག་མ་དེ་ཟླ2པའི་ཚེས25ཉིན་མིན་ཏེ་ཝེ་ཏི་ཡལ་དབོར་སྐྱེལ་བྱས་ཡོད།

ཟླ་འདིའི་ཚེས1ཉིན། ཝུ་ར་ཀུའེ་ཡིས་རྒྱལ་ཡོངས་སུ་རིན་མེད་སྒོས་བཙན་སྐུལ་མ་ཡིན་པར་པྲོག་གསར་གློ་ཚད་འགོག་སྨན་རྒྱག་པའི་བྱ་བ་སྤེལ་མགོ་བརྩམས་ཤིང་། དགེ་རྒན་དང་དམག་མི། ཉེན་རྟོག་པ། མེ་འགོག་མི་སྣ་སོགས་ལ་དམིགས་བསལ་གྱིས་སྔོན་ལ་འགོག་སྨན་བརྒྱབ་པ་རེད།

ཝུ་ར་ཀུའེ་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། རིམས་ནད་འགོག་སྨན་རྒྱག་པའི་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད། ཝུ་ར་ཀུའེ་ཙུང་ཐུང་གཞོན་པ་ཨ་ཞི་མིན་དང་སྤྱི་བའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཏན་ནིའར་ས་ལེ་ན་སི་གཉིས་ལ་ཚེས8ཉིན་ཀྲུང་གོའི་ཁོ་ཞིན་འགོག་སྨན་བརྒྱབ་ཡོད།

ཝུ་ར་ཀུའེ་རྒྱལ་ཁབ་འཕྲལ་བསྟུན་ཧྲུའུ་ཡིས་ཚེས16ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པ916གསར་སྣོན་བྱུང་བ་དང་བསྡོམས་པས་ནད་པ73770ལ་སླེབས་ཤིང་། ཤི་བའི་ནད་པ8གསར་སྣོན་བྱུང་ནས་བསྡོམས་པས་ནད་པ725ཤི་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།