ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་རེ་གསུམ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་དྲུག་ཉིན་གྱི་དམག་དོན་འགུལ་སྐྱོད་ཁྲོད་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་རེ་གསུམ་བསད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ལྷོ་ངོས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་དུ་དམག་དོན་འགུལ་སྐྱོད་སྤེལ་སྐབས། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་ང་ལྔ་བསད་པ་དང་། དྲག་ཆས་ཉེས་ཅན་དགུར་རྨས་སྐྱོན་བཟོས། གཞན་ཡང་དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་གཉིས་གཏོར་བ་དང་མཚོན་ཆ་དང་འགད་རྫས་སྐོར་ཞིག་མེད་པར་བཏང་། ཉིན་དེར་བྱང་ཕྱོགས་ཀྱི་པཱ་ཨར་ཧི་ཞིང་ཆེན་གྱི་དམག་དོན་འགུལ་སྐྱོད་ཁྲོད། སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བརྒྱད་བསད་པ་དང་། དྲག་ཆས་ཉེས་ཅན་དགུར་རྨས་སྐྱོན་བཟོས་ཡོད། 

ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།