ཀྲུང་གོ་བོད་ཀྱི་དྲ་བ།

ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་པས་དངོས་སུ་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་པས་ཚེས་བཅུ་དྲུག་ཉིན་འགན་ཁུར་མཚམས་བཞག་པའི་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་བར་དུ་དབང་ཆ་སྤྲོད་ལེན་མཛད་སྒོ་བསྡུས།

མཛད་སྒོ་དེ་ཉིན་དེར་ལི་པི་ཡའི་རྒྱལ་ས་ཏི་ལེ་པོ་ལེའི་སྲིད་གཞུང་སྤྱི་ཁྱབ་ཁང་ནས་བསྡུས། ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མུའུ་ཧན་མོ་ཏི·མིན་ཧྥེ་ཡིས་མཛད་སྒོའི་སྟེང་དབང་ཆ་ཞི་བདེའི་ངང་སྤྲོད་ལེན་བྱས་པར་གཟེངས་བསྟོད་བྱས། མིན་ཧྥེ་ཡིས་བཤད་རྒྱུར། ལི་པི་ཡའི་གཅིག་གྱུར་གནས་སྐབས་སྲིད་འཛིན་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ཞིག་ནི་ད་ལོའི་ལོ་མཇུག་གི་ཙུང་ཐུང་དང་གྲོས་ཁང་གི་འདེམས་བསྐོར་གྲ་སྒྲིག་བྱེད་རྒྱུ་དེ་ཡིན་ལ། སྐབས་དེར་སྲིད་འཛིན་དབང་ཆ་གསར་དུ་བདམས་པའི་ལས་ཁུངས་ལ་སྤྲོད་རྒྱུ་ཡིན་ཟེར།

འགན་ཁུར་མཚམས་བཞག་པའི་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་ཧྥ་ཡེ་ཙི·སཱ་ལཱ་ཅེ་ཡིས་དབང་ཆ་སྤྲོད་ལེན་ཚོགས་འདུའི་སྟེང་ལི་པི་ཡས་མི་རིགས་འགྲིག་མཐུན་མངོན་འགྱུར་བྱེད་པའི་དགོས་ངེས་རང་བཞིན་ནན་བཤད་བྱས།

ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་པའི་ཙུང་ལི་ཨ་པུའུ་ཏུའུ་ལི·ཧ་མུས་ཏི·ཏི་པེ་པ་ཡིས་བཤད་རྒྱུར། སྲིད་གཞུང་གསར་པས་སྟོབས་ཤུགས་ཡོད་རྒུས་བཅོས་སྒྱུར་བྱེད་རྒྱུ་ཡིན་ལ། སྤྱི་ཐུན་ལས་ཁུངས་ཡོད་ཚད་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ལི་པི་ཡའི་མི་དམངས་ཀྱི་གནད་དོན་ཡོད་ཚད་ཐག་གཅོད་འོས་ཟེར།

ལི་པི་ཡའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཟླ་གསུམ་པའི་ཚེས་བཅུ་ཉིན་མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་པ་འཛུགས་པར་ཆོག་མཆན་བཀོད་པ་མ་ཟད། སྲིད་གཞུང་གསར་པར་ཡིད་ཆེས་ཡོད་ཅེས་བཤད། མི་རིགས་མཐུན་སྒྲིལ་སྲིད་གཞུང་གསར་པས་ཚེས་བཅོ་ལྔ་ཉིན་ལི་པི་ཡའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཐུའུ་པུའུ་ལུའུ་ཀི་ནས་འགན་ཁུར་དམ་བཅའ་བཞག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགོ་འཛིན་འོག་ཏུ། སྐོར་ཐེངས་གསར་པའི་ལི་པི་ཡའི་ཆབ་སྲིད་གྲོས་མོལ་གླེང་སྟེགས་ཚོགས་འདུ་ཟླ་གཉིས་པའི་ཚེས་ལྔ་ཉིན་སུའེ་ཙེར་རྒྱལ་ཁབ་ཀྱི་རི་ནེ་ཝ་ནས་ལི་པི་ཡའི་གཅིག་གྱུར་གནས་སྐབས་སྲིད་འཛིན་ལས་ཁུངས་བདམས་ཐོན་བྱུང་། ལི་པི་ཡའི་ཆབ་སྲིད་གྲོས་མོལ་གླེང་སྟེགས་ལས་བསྒྲགས་པའི་འཆར་གཞི་ལྟར་ན། ལི་པི་ཡས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ཙུང་ཐུང་དང་གྲོས་ཁང་གི་འདེམས་བསྐོ་བསྡུ་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།