ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་སེ་པེད་ཅང་གི་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེ་ནས་བཟུང་རང་གི་མངའ་ཁོངས་ནས་དུས་ཡུན་ཉིན་བཞིའི་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ནས་དམག་རིགས་སོ་སོའི་རོགས་རེས་འཐབ་འཁྲུག་ནུས་པ་ཇེ་དྲག་ཏུ་བཏང་ཟེར། 

ཨ་སེ་པེད་ཅང་གི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་མི་ཁྲི་གཅིག་ལས་བརྒལ་བ་དང་། དྲག་ཆས་སྒྲིག་ཆས་ལ་ཐན་ཁི་འཁོར་ལོ་དང་འཁྲབ་ལྡན་འཁོར་ལོ་བརྒྱ་ལྷག་དང་། མེ་སྒྱོགས་དང་འཕུར་མདའི་མ་ལག་ཉིས་བརྒྱ་ལྷག གནམ་གྲུ་དང་མི་བསྡད་མེད་པའི་གནམ་གྲུ་སུམ་ཅུ་ལྷག་བཅས་འདུས། དམག་དོན་སྦྱོང་བརྡར་དེ་རི་ཁུལ་དང་ནགས་ཁུལ་སོགས་ནས་སྤེལ་བ་དང་། ནང་དོན་ལ་འཇིགས་སྐུལ་རིང་ལུགས་རྩ་འཛུགས་དང་ཁྲིམས་འགལ་དྲག་ཆས་ཚོགས་པར་ཆམ་ཕབ་གཏོང་བ་སོགས་འདུས། 

དེ་ནི་ཨ་སེ་པེད་ཅང་གིས་ད་ལོའི་ཚུན་ལ་ཐོག་དང་པོར་རྒྱལ་ནང་ནས་སྤེལ་བའི་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་རེད། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།