དབྱང་ཅེ་ཁྲེ་དང་ཝང་དབྱི་ཡིས་ཨ་རི་དང་མཉམ་དུ་ཀྲུང་ཨའི་མཐོ་རིམ་འཐབ་ཇུས་གླེང་མོལ་བྱ་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་བསྒྲགས་རྒྱུར། ཨ་རི་ཕྱོགས་ཀྱི་གདན་ཞུ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ་དང་། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་དང་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་དང་མཉམ་དུ་ཟླ3པའི་ཚེས18ནས་ཚེས19ཉིན་བར་ཨན་ཁེ་ལུའེ་ཆི་རུ་ཀྲུང་ཨའི་མཐོ་རིམ་འཐབ་ཇུས་གླེང་མོལ་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།