ཀྲུང་གོ་བོད་ཀྱི་དྲ་བ།

​ཀྲུང་གོས་རྒྱལ་ཁབ100ལྷག་གི་ཚབ་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་དབང་ཆའི་ལས་འཛིན་ལྷན་ཚོགས་སྟེང་མི་དམངས་གཙོར་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དགོས་པར་འབོད་སྐུལ་བཏང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཉེ་ཆར། ཀྲུང་གོའི་མཉམ་འབྲེལ་ལྷན་ཚོགས་སུ་སྡོད་པའི་རི་ནའེ་ཝའེ་ལས་དོན་ཁྲུའུ་དང་སུའེ་ཙེར་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཁྲིན་ཞུས་ཡིས་ཚེས9ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་དབང་ཆའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས46པའི་སྟེང་རྒྱལ་ཁབ100ལྷག་གི་ཚབ་བྱས་ཏེ་གཏམ་བཤད་གནང་བ་དང་། མི་དམངས་གཙོ་བོ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་གདོང་གཏོད་དགོས་པར་བསྟན། 

ཁྲིན་ཞུས་ཡིས་དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་དུ་ཁྱབ་ཡོད་ཅིང་། རྒྱལ་ཁབ་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས། དམངས་འཚོའི་ཐོན་སྐྱེད་བཅས་ལ་ཤུགས་རྐྱེན་ཛ་དྲག་ཐེབས་ཡོད་པ་དང་། འདྲ་མཉམ་མིན་པའི་སྣང་ཚུལ་ཆེས་ཆེར་བྱུང་ཡོད་ལ། དབུལ་ཕོངས་དང་ཉམ་ཆུང་གི་ཚོགས་པར་ཤུགས་རྐྱེན་ཐེབས་པ་ཆེས་ཆེ། ང་ཚོས་མི་དམངས་གཙོ་བོར་འཛིན་པ་དང་། མཐུན་སྒྲིལ་ལ་ཤུགས་བསྣན་ནས། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་དང་། མིའི་དབང་ཆ་བརྩི་མཐོང་བྱས་ཏེ། ཕོ་མོའི་དབྱེ་བ་འདྲ་མཉམ་ལ་སྐུལ་འདེད་དང་། རིམ་པ་མང་པོ་དང་། མཐུན་སྦྱོར།  ཁོང་ཡངས་དང་གསར་གཏོད་བཅས་ཀྱི་འཛམ་གླིང་གི་གདོང་གཏོད་བྱེད་ཐབས་སྤྱོད་དགོས་ཞེས་བསྟན། 

ཁྲུན་ཞུས་ཡིས་ལངས་ཕྱོགས་གསུམ་བཏོན་པ་ནི། གཅིག་ནས་ཚེ་སྲོག་དབང་ཆ་དང་བདེ་ཐང་དབང་ཆར་འགན་སྲུང་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་དང་། བརྡ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་འགོག་བཅོས་ཚོད་འཛིན་ལ་ཤུགས་བསྣོན་པ། སྒོས་སུ་འགོག་ཁབ་གསར་སྤེལ་དང་། ཐོན་སྐྱེད། སྡེབ་སྒྲིག་མཉམ་ལས་ལ་ཤུགས་བསྣན་ནས། འགོག་ཁབ་དེ་རྒྱལ་ཁབ་སོ་སོ་དང་ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་བཀོལ་ཐུབ་པའི་སྤྱི་བའི་ཐོན་རྫས་སུ་འགྱུར་བར་བྱེད་དགོས། གཉིས་ནས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དབུལ་ཕོངས་ཉུང་དུ་གཏོང་བའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། དབུལ་ཕོངས་ཉུང་གཏོང་གི་ཤུགས་ཚད་ཆེ་རུ་བཏང་ནས། དབུལ་ཕོོངས་ཀྱི་རྣམ་པ་གང་ཡང་མེད་པར་བཟོས་ནས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། འབྲུ་རིགས་ཀྱི་དབང་ཆ་དང་སློབ་གསོའི་དབང་ཆ། སྡོད་ཁང་དབང་ཆ་སོགས་ཀྱི་མིའི་དབང་ཆར་འགན་སྲུང་བྱེད་དགོས། གསུམ་ནས་སྤྱི་ཚོགས་འགན་སྲུང་མ་ལག་ལ་ཤུགས་སྣོན་བྱས་ཏེ། ཉམ་ཞན་དང་མཐའ་ཁུལ་གྱི་ཚོགས་སྤྱིར་དགོས་ངེས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་མི་ལེགས་པ་ཁྱད་དུ་གསོད་པར་རོགས་རམ་བྱེད་དགོས།

ཁྲུན་ཞུས་ཡིས་བསྟན་དོན། རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་རིང་ལུགས། མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་ནི། འཛམ་གླིང་ཡོངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཞིང་། ང་ཚོས་རྒྱལ་ཁབ་སོ་སོར་འབོད་སྐུལ་བྱས་ཏེ། མཐུན་སྒྲིལ་ལ་ཤུགས་སྣོན་དང་། ལག་རྡང་མཉམ་སྦྲེལ་གྱིས་འཛམ་གླིང་རང་བཞིན་གྱི་འགན་རྩོད་ལ་གདོང་གཏད་དེ། མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།