ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུ་ཧན་དུ་པཱ་མི་དབྱང་ལྷ་སྐུ་ལ་རྗེས་དྲན་ཞུ་བའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ3པའི་ཚེས9ཉིན་ཨ་ཧྥུ་ཧན་དཀྱིལ་དབུས་ཀྱི་པཱ་མི་དབྱང་ཞིང་ཆེན་དུ་མི་རྣམས་ཀྱིས་པཱ་མི་དབྱང་བྲག་ཕུག་ལ་ཐ་ལི་པན་སྲིད་དབང་གིས་གཏོང་བརླགས་བྱས་ནས་ལོ་འཁོར20ལོན་པར་རྗེས་དྲན་བྱ་འགུལ་སྤེལ་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྲག་ཕུག་ཆེ་འབྲིང་ཆུང་གསུམ3000ལྷག་ཡོད་པའི་ཨ་ཧྥུ་ཧན་གྱི་པཱ་མི་དབྱང་བྲག་རོང་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས2003ལོར་འཛམ་གླིང་གི་སྟོང་ལ་ཉེ་བའི་རིག་གནས་ཤུལ་བཞག་གི་གྲལ་དུ་བཞག་པ་དང་། དེ་ནི་ཨ་ཧྥུ་ཧན་དུ་ཡོད་པའི་འཛམ་གླིང་རིག་གནས་ཤུལ་བཞག་གཉིས་ཡོད་པའི་ནང་གི་གཅིག་རེད། འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་པཱ་མི་དབྱང་ལྷ་སྐུ་ནི་གནའ་བོའི་བྲག་རོང་དུ་ཆགས་ཤིང་། 2001ལོར་ཆུ་འགྲམ་དུ་གནས་པའི་སངས་རྒྱས་ཀྱི་སྐུ་བརྙན་ལ་ཐ་ལི་པན་སྲིད་དབང་གིས་གཏོར་བཤིགས་བཏང་སྟབས་ད་སྐབས་སྐུ་བརྙན་དེ་གཉིས་ཀྱི་བྲག་ཕུག་ཙམ་ལས་ལྷག་མེད་པ་རེད། །

འདི་ནི་ཟླ3པའི་ཚེས9ཉིན་ཨ་ཧྥུ་ཧན་དཀྱིལ་དབུས་ཀྱི་པཱ་མི་དབྱང་ཞིང་ཆེན་དུ་མི་རྣམས་ཀྱིས་པཱ་མི་དབྱང་བྲག་ཕུག་ལ་ཐ་ལི་པན་སྲིད་དབང་གིས་གཏོང་བརླགས་བྱས་ནས་ལོ་འཁོར20ལོན་པར་རྗེས་དྲན་བྱ་འགུལ་སྤེལ་བའི་ཚུལ་རེད།

འདི་ནི་ཟླ3པའི་ཚེས9ཉིན་ཨ་ཧྥུ་ཧན་དཀྱིལ་དབུས་ཀྱི་པཱ་མི་དབྱང་ཞིང་ཆེན་དུ་མི་རྣམས་ཀྱིས་པཱ་མི་དབྱང་བྲག་ཕུག་ལ་ཐ་ལི་པན་སྲིད་དབང་གིས་གཏོང་བརླགས་བྱས་ནས་ལོ་འཁོར20ལོན་པར་རྗེས་དྲན་བྱ་འགུལ་སྤེལ་སྐབས་ལྷ་སྐུའི་འཕྲོས་བརྙན་གྱི་མདུན་དུ་པར་རྒྱག་པའི་ཚུལ་རེད།

འདི་ནི་ཟླ3པའི་ཚེས9ཉིན་ཨ་ཧྥུ་ཧན་དཀྱིལ་དབུས་ཀྱི་པཱ་མི་དབྱང་ཞིང་ཆེན་དུ་མི་རྣམས་ཀྱིས་པཱ་མིས་དབྱང་བྲག་ཕུག་ལ་ཐ་ལི་པན་སྲིད་དབང་གིས་གཏོང་བརླགས་བྱས་ནས་ལོ་འཁོར20ལོན་པར་རྗེས་དྲན་བྱ་འགུལ་སྤེལ་བའི་ཚུལ་རེད།

འབྲེལ་ཡོད་གནས་ཚུལ།

པཱ་མི་དབྱང་ལྷ་སྐུ་ནི་ཨ་ཧྥུ་ཧན་གྱི་པཱ་མི་དབྱང་ཞིང་ཆེན་པཱ་མི་དབྱང་གྲོང་བརྡལ་དུ་གནས་ཤིང་། ཨ་ཧྥུ་ཧན་གྱི་པཱ་མི་དབྱང་བྲག་རོང་གི་པཱ་མི་དབྱང་བྲག་ཕུག་ཏུ་གནས་པས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་གི་རིག་གནས་ཤུལ་བཞག་གི་གྲས་སུ་བཞག་ཡོད།

པཱ་མི་དབྱང་བྲག་ཕུག་ཏུ་སངས་རྒྱས་ཀྱི་སྐུ་བརྙན་ཆེ་གྲས་གཉིས་ཡོད་དེ། གཅིག་ནི་དུས་རབས5པའི་སྐབས་བྲག་ངོས་སུ་བརྐོས་པ་ཡིན་ཞིང་མཐོ་ཚད་ལ་མིས53ཡོད། དེར“ནུབ་ཀྱི་སྐུ་བརྙན”ཟེར། གཅིག་ཤོས་ནི་དུས་རབས1པའི་སྐབས་བརྐོས་ཤིང་མཐོ་ཚད་ལ་མིས37ཡོད། དེར“ཤར་གྱི་སྐུ་བརྙན”ཟེར། སྐུ་བརྙན་དེ་གཉིས་ཀྱི་བར་མིས400ལྷག་གིས་ཆོད་ཡོད་ནའང་ཞལ་དང་ཕྱག་སོ་སོར་གསེར་རྩི་བྱུགས་ཡོད་སྟབས་རྒྱང་ནས་བལྟས་ཚེ་ལྟ་བའི་མི་མངོན་པ་ཞིག་རེད། ལྷ་སྐུ་དེ་གཉིས་ཀྱི་ལོགས་གཉིས་སུ་བྲག་ཁུང་མང་པོ་ཡོད་ལ་ཕུག་ལམ་བརྒྱུད་ན་སྐུ་བརྙན་གྱི་རྩེར་ཐོན་ཐུབ། ཀྲུང་གོའི་ཅིན་རྒྱལ་རབས་ཀྱི་བཙུན་པ་ཧྥ་ཞན་དང་ཐང་རྒྱལ་རབས་ཀྱི་བཙུན་པ་ཞོན་ཚང་རྣམ་གཉིས་ཀྱང་པཱ་མི་དབྱང་ལྷ་སྐུ་ལ་མཇལ་མྱོང་ཡོད།

ལོ་ངོ1500ལྷག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྔ་གཞུག་ཏུ་གོད་ཆག་ཆེན་པོ་ཐེངས་གསུམ་བརྒྱུད་མྱོང་ལ། ལྷག་པར་དུ2001ལོའི་ཟླ3པའི་ཚེས12ཉིན་ཐ་ལི་ཕན་སྲིད་དབང་གིས་གཏོར་སྐྱོན་ཚབས་ཆེན་བཏང་མཐར་སྔར་གྱི་སྐུ་བརྙན་གྱི་རྣམ་པ་རྨག་མེད་དུ་བཏང་། དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་སྐུ་བརྙན་ཉམས་གསོ་དང་སྲུང་སྐྱོང་བྱེད་པའི་བྱ་བ་རྩ་འཛུགས་བྱེད་བཞིན་ཡོད་ལ་དེའི་ཁྲོད་གཙོ་བོར་འཇར་མན་དང་དབྱི་ཐ་ལི། ཧྥ་རན་སེ། ཉི་ཧོང་བཅས་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།