ཀྲུང་གོ་བོད་ཀྱི་དྲ་བ།

ཧྥིན་ལན་རྒྱལ་ཁབ་ཀྱིས་སྣ་ཁུང་དུ་གཏོར་བའི་པྲོག་གསར་གློ་ཚད་འགོག་སྨན་གསར་གཏོད་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཟླ3པོའི་ཚེས8ཉིན་གྱི་གློག་འཕྲིན་ལྟར་ན། ཧྥིན་ལན་རྒྱལ་ཁབ་ཧུ་འར་ཞིན་ཅིའི་སློབ་ཆེན་གྱིས་ཚེས8ཉིན་ཁྱབ་བསྒྲགས་བྱས་པའི་གསར་འགྱུར་ལྟར་ན། ཧྥིན་ལན་རྒྱལ་ཁབ་ཀྱི་ཞིབ་འཇུག་མི་སྣས་སྣ་ཁུང་དུ་གཏོར་བའི་པྲོག་གསར་གློ་ཚད་འགོག་སྨན་ཅིག་གསར་གཏོད་བྱས་པ་དང་། འཆར་གཞི་ལྟར་ན་ཟླ་འདིའི་ནང་ཚོད་ལྟ་བྱ་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། པྲོག་གསར་གློ་ཚད་འགོག་ཁབ་གསར་བ་འདི་ནི་གཤེར་རྨན་ནད་དུག་གི་འགོག་ཁབ་ཅིག་ཡིན་ཞིང་། རྒྱུད་འཛིན་སྤོ་སྒྱུར་གྱི་ལག་རྩལ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། ཞིབ་འཇུག་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། པྲོག་གསར་གློ་ཚད་ནད་དུག་གིས་དབུགས་ལམ་མ་ལག་བརྒྱུད་ནས་མཆེད་པ་ཡིན་ཞིང་། འགོག་སྨན་དེ་སྣ་ཁུང་བརྒྱུད་ནས་སྨན་འཇོག་པ་དང་། དེས་མིའི་ལུས་ཕུང་ཁྲོད་དུ་ཤ་གསེང་དུ་སྨན་ཁབ་རྒྱབ་པ་ལས་ཀྱང་རྒྱ་ཆེ་བའི་རིམས་འགོག་བསླངས་སྲིད་ཟེར། 

ཧུ་འར་ཞིན་ཅིའི་སློབ་ཆེན་དང་ཧྥིན་ལན་སློབ་ཆེན་གྱི་ཞིབ་འཇུག་མི་སྣ་འགོག་ཁབ་ཞིབ་འཇུག་བྱ་བའི་ཁྲོད་ཞུགས་ཤིང་། ཞིབ་འཇུག་ཚོགས་པས་ཀུང་སི་ཞིག་གསར་དུ་བཙུགས་ཏེ་འགོག་སྨན་ཁྱབ་གདལ་བྱེད་པར་འགན་ཁུར་བ་དང་། ཤེས་གསལ་བྱུང་བ་ལྟར་ན། རྗེས་ཕྱོགས་ཀྱི་ཟླ་འགའི་ནང་དུ། ཀུང་སི་དེས་ཧྥིན་ལན་རྒྱལ་ཁབ་དུ་འགོག་སྨན་དེ་ཚོད་ལྟ་བྱ་རྒྱུ་རེད། །


རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།