ཀྲུང་གོ་བོད་ཀྱི་དྲ་བ།

ཀེ་རི་སིའི་ཟླ་ཁ་གང་མ་ཐག་པའི་བྱིས་པ་ཞིག་པྲོག་གསར་གློ་ཚད་ཀྱིས་ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀེ་རི་སིའི་བྱིས་པ་ཞིག་ལ་པྲོག་གསར་གློ་ཚད་ཕོག་པས་ཟླ་ཁ་གང་མ་ཐག་ཚེ་ལས་འདས། ཙུང་ལི་ཅི་ལི་ཡ་ཁོ་སི·མི་ཙུའོ་ཐ་ཅི་སི་ཡིས་ཚེས8ཉིན་ཀེ་རི་སེའི་ཆེས་ལོ་ན་ཆུང་བའི་པྲོག་གསར་གློ་ཚད་ཀྱིས་ཚེ་ལས་འདས་པའི་ནད་པ་དེར་མྱ་ངན་ཞུས་པ་རེད།

“མི་རྣམས་ཡིད་སྐྱོ་དགོས་པ་ཞིག་ལ། དེ་རིང་ང་ཚོའི་རྒྱལ་ཁབ་ཏུ་རིམས་ནད་བྱུང་ཚུན་གྱི་ལོ་ན་ཆེས་ཆུང་བའི་ནད་པ་ཚེ་ལས་འདས་པ་དང་། དེ་ནི་ཉིན37ལས་མེད་པའི་ཕྲུ་གུ་དམར་འབྱར་ཞིག་རེད། ཁོའི་ཚེ་སྲོག་ཁྲོད་ཀྱི་ཉིན17རིང་པྲོག་གསར་ནད་དུག་དང་འཐབ་རྩོད་བྱས་མྱོང”མི་ཙུའོ་ཐ་ཅི་སིས་སྤྱི་ཚོགས་སྨྱན་སྦྱོར་ཐོག“དེ་རིང་སེམས་སྡུག་ཚད་མེད་སྐྱེས་བྱུང”ཞེས་བྲིས།

ཀེ་རི་སེའི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། ཕྲུ་གུ་དེ་ནི་ཟླ2པའི་ཟླ་དཀྱིལ་ཙམ་ལ་ཚ་བ་རྒྱས་པས་རྒྱལ་ས་ཨ་ཐེན་སི་ཡི་བྱིས་པའི་སྨན་ཁང་ཞིག་ཏུ་བསྐྱལ་ཅིང་སྨན་ཁང་དུ་བསྡད་ནས་ཉིན་གཅིག་གི་རྗེས་སུ་ནད་ལྕིའི་ལྟ་སྐྱོང་ཁང་དུ་བསྐྱལ་ཅིང་ཟླ་འདིའི་ཚེས7ཉིན་ཚེ་ལས་འདས། 

ད་རག་བར་ཀེ་རི་སེར་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཁྲི20.6ལྷག་དང་ཚེ་འདས་ནད་པ6800ཡོད།

ཧྥ་རན་སེའི་གསར་འགྱུར་ཁང་གིས་གནས་ཚུལ་ལྟར་ན། མིག་སྔར། ཀེ་རི་སེའི་པྲོག་གསར་གློ་ཚད་ཕོག་པའི་ནད་པ480ལྷག་ལ་ནད་ལྕིའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། ཀེ་རི་སེའི་འཕྲོད་བསྟེན་པུའུ་ཡིས་གཟའ་འཁོར་སྔོན་མར་བཤད་རྒྱུར། ཨ་ཐེན་སིའི་གཞུང་བཙུགས་སྨན་བཅོས་མ་ལག་ལ“ཐེག་ཐབས་བྲལ་བའི་གནོན་ཤུགས”འཕྲད་བཞིན་ཡོད་པས་སྒེར་བཙུགས་སྨན་ཁང་དག་གིས་སྨན་བཅོས་ཐོན་ཁུངས་མང་པོ་མཁོ་འདོན་བྱ་རྒྱུའི་རེ་འབོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།