ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་འགྲོ་གྲོན་བགོ་འགྲེམ་གྲོས་མོལ་སྐོར་ཐེངས་དགུ་བར་རྩ་དོན་རང་བཞིན་གྱི་གྲོས་མཐུན་བཀོད།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཧན་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས7ཉིན་བསྒྲགས་པ་ལྟར་ན།   ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་འགྲོ་གྲོན་བགོ་འགྲེམ་གྲོས་མོལ་སྐོར་ཐེངས་དགུ་བར་རྩ་དོན་རང་བཞིན་གྱི་གྲོས་མཐུན་བཀོད་པ་དང་།    ཧན་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རང་རྒྱལ་ནང་གི་སྙན་ཞུའི་གོ་རིམ་མཇུག་སྒྲིལ་རྗེས་འབྲེལ་ཡོད་ནང་དོན་དང་གྲོས་མཐུན་མ་ཟིན་ལ་མིང་རྟགས་འགོད་པའི་ཆོད་དོན་ཁྱབ་བསྒྲགས་བྱེད་རྒྱུ་རེད་ཟེར།

ཧན་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་འགྲོ་གྲོན་བགོ་འགྲེམ་གྲོས་མཐུན་གྱི་ཞིབ་ཕྲའི་ནང་དོན་ཁྱབ་བསྒྲགས་བྱས་མེད།

ཧན་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་འཐུས་མིས་ཚེས་ལྔ་ཉིན་ཨ་མེ་རི་ཁའི་རྒྱལ་ས་ཧྭ་ཧྲིན་ཏོན་ནས་སྐོར་ཐེངས་དགུ་བའི་གྲོས་མོལ་སྤེལ་མགོ་བརྩམས་པ་དང་།   སྔོན་ལ་གཏན་ཁེལ་བྱས་པའི་ཡུན་ཚད་ཉིན་གཉིས་ཡིན་པ་དང་།  རྗེས་ནས་ཡུན་ཚད་ཉིན་གསུམ་ལ་ཇེ་རིང་དུ་བཏང་བ་རེད།  དེ་ནི་ཨ་མེ་རི་ཁའི་སྲིད་གཞུང་གསར་པས་ཟླ་དང་པོའི་ཟླ་སྟོད་ལ་སྲིད་དབང་བཟུང་བའི་ཚུན་ལ་ཧན་གོ་ཕྱོགས་ཀྱི་དབུ་བཞུགས་གྲོས་མོལ་འཐུས་མི་ཀྲིན་ཨུན་ཕུའུ་དང་ཨ་མེ་རི་ཁའི་དབུ་བཞུགས་གྲོས་མོལ་འཐུས་མི་ཐང་ནཱ་ཝེ་ཨར་ཏོན་གཉིས་ཀྱིས་ཐོག་དང་པོར་གྲོས་མོལ་བྱས་པ་རེད།

ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན།    ཧན་གོ་དང་ཨ་མེ་རི་ཁ་གཉིས་ཀྱིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཨན་ཏུང་ཉི་པུའུ་ལིན་ཁུན་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ལོ་ཨེ་ཏི་ཨོ་སི་ཐིང་གཉིས་གཟའ་འཁོར་རྗེས་མར་ཧན་གོར་འཚམས་འདྲིར་ཡོང་བའི་འགྲུལ་བཞུད་ལ་མཐུན་སྦྱོར་བྱེད་བཞིན་ཡོད་པ་དང་།   སྐབས་དེར་ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་འགྲོ་གྲོན་བགོ་འགྲེམ་གྱི་ཞིབ་ཕྲའི་གནས་ཚུལ་ཁྱབ་བསྒྲགས་བྱེད་སྲིད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།