ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར་གྱིས་ཁ་ཐར་ལ་འཚམས་འདྲི་བྱས།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁ་ཐར་རྒྱལ་ཁབ་ཀྱི་གཙོ་འཛིན་ཐཱ་སྨི་མུའུ་ཡིས་ཚེས་བརྒྱད་ཉིན་རྒྱལ་ས་ཏོ་ཧ་ནས་འཚམས་འདྲིར་ཡོང་བའི་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར་ལ་འཇལ་འཕྲད་གནང་།   དེ་ནི་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་དང་ཁ་ཐར་གྱིས་ཁྱོན་ཡོངས་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱས་པའི་ཚུན་ལ།   སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཐོག་དང་པོར་ཁ་ཐར་ལ་འཚམས་འདྲི་བྱས་པ་རེད།

ཁ་ཐར་རྒྱལ་ཁབ་གཞུང་སྒྲུབ་ཁང་གིས་དྲ་ཚིགས་སྟེང་གསལ་བསྒྲགས་ཐུང་ངུ་སྤེལ་ནས་བཤད་རྒྱུར། ཧྥེ་ས་ཨར་གྱིས་ཐཱ་སྨི་མུའུ་ལ་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་བོ་ས་ལེ་མན་གྱི་ངག་འཕྲིན་བརྒྱུད་བསྒྲགས་བྱས།   ས་ལེ་མན་གྱིས་ངག་འཕྲིན་ཁྲོད་དུ་ཁ་ཐར་མི་དམངས་སྔར་ལས་དར་རྒྱས་ཡོང་བའི་སྨོན་འདུན་ཞུས་ཡོད་པ་ལས་གཞན།    རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་གསར་པ་དང་ཕྱོགས་མང་འབྲེལ་བ་དང་འཕེལ་རྒྱས་ཕྱོགས་མང་འབྲེལ་བའི་ཐབས་ལམ་གླེང་ཡོད།

ཧྥེ་ས་ཨར་གྱིས་ཉིན་དེར་ད་རུང་ཁ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མཁན་མུའུ་ཧན་མོ་ཏི་དང་མཉམ་དུ་གྲོས་མོལ་བྱས།   ཁ་ཐར་ཕྱི་འབྲེལ་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན།  ཕྱོགས་གཉིས་ཀྱི་གྲོས་མོལ་དེ་ཕྱོགས་མང་མཉམ་ལས་འབྲེལ་བ་དང་མཚོ་འགག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་བྱེད་ནུས་སོགས་ནང་དོན་དང་འབྲེལ་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།