ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་རྒྱལ་དམངས་གྲོས་ཁང་གི་ཡིད་ཆེས་འདེམ་ཤོག་འཕེན་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་ཚེས་བཞི་ཉིན་བཤད་རྒྱུར། ཁོས་རྒྱལ་དམངས་གྲོས་ཁང་གིས་ཚེས་དྲུག་ཉིན་རང་ཉིད་ལ་ཡིད་ཆེས་འདེམ་ཤོག་འཕེན་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། 

ཕཱ་ཁི་སི་ཐན་གྲོས་ཁང་གི་གྲོས་ཞུགས་ཁང་གི་དབྱི་སི་ལན་པའོ་འདེམ་ཁུལ་གྱི་ལས་གནས་གཉིས་ལ་ཚེས་གསུམ་ཉིན་བསྒྱུར་འདེམས་བྱས། དྲང་བདེན་ལས་འགུལ་ཏང་གིས་མགོ་ཁྲིད་པའི་སྲིད་འཛིན་མནའ་འབྲེལ་ལ་རྒྱལ་དམངས་གྲོས་ཁང་ཁྲོད་ལས་གནས་མང་ཤོས་ཐོབ་ཡོད་ཀྱང་། སྲིད་འཛིན་མནའ་འབྲེལ་གྱིས་རྒྱབ་སྐྱོར་བྱེད་པའི་འདེམ་སྒུག་པ་གཅིག་ཕམ་ཉེས་བྱུང་ཡོད། ངོ་རྒོལ་ཏང་གིས་དེའི་རྗེས་སུ་དབྱི་མུའུ་ལན་ཧན་གྱིས་ལས་ཁུར་དགོངས་ཞུ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཁོར་ཡིད་མི་ཆེས་པའི་བགྲོ་གླེང་སྤེལ་རྒྱུའི་འཇིགས་སྐུལ་བྱས། 

དབྱེ་མུའུ་ལན་ཧན་གྱིས་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་ཁྲོད་བསྟན་དོན། སྲིད་འཛིན་ཏང་དྲང་བདེན་ལས་འགུལ་ཏང་གི་རྒྱལ་དམངས་གྲོས་ཁང་གི་གྲོས་མི་རེ་འགས་ངོ་རྒོལ་ཏང་གི་ལྐོག་རྔན་དང་ལེན་བྱས་ཏེ། ཚེས་གསུམ་ཉིན་གྱི་འདེམ་བསྐོའི་ཁྲོད་རང་གི་འདེམ་ཤོག་དེ་སྲིད་འཛིན་མནའ་འབྲེལ་གྱིས་རྒྱབ་སྐྱོར་བྱེད་པའི་གྲོས་ཞུགས་ཁང་གི་འདེམ་སྒུག་པར་འཕངས་པ་རེད་ཟེར། ཁོས་ད་རུང་བསྟན་དོན། ནམ་རྒྱུན་ངོ་རྒོལ་ཏང་གི་གནོན་ཤུགས་འོག་ཏུ་བྱ་བ་བྱེད་པར་གདམ་གསེས་བྱེད་མི་སྲིད་པས་རང་འགུལ་གྱིས་རྒྱལ་དམངས་གྲོས་ཁང་གིས་རང་ལ་ཡིད་ཆེས་འདེམ་ཤོག་འཕེན་པར་བརྩོན་ལེན་བྱས་པ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།