ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཐའོ་ཡཱའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕུའུ་ཐའོ་ཡཱའི་ཙུང་ཐུང་ཏི་སོ་སཱ་ཡིས་ཚེས་གཉིས་ཉིན་བསྟན་དོན། ཀྲུང་གོའི་ཕྱོགས་དང་མཉམ་དུ་ལག་རྡང་སྦྲེལ་ནས་ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཏི་སོ་སཱ་ཡིས་ཉིན་དེར་ཕུའུ་ཐའོ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་པིན་ཐང་གིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། མིག་སྔར་ཕུའུ་ཐའོ་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས། ཉོ་ཚོང་། དངུལ་ལོར། འཕྲོད་བསྟེན། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཕྱོགས་ཡོངས་ནས་སྤེལ་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་ཟེར། 

ཀྲའོ་པིན་ཐང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་དང་ཐད་ཀར་སྐུལ་འདེད་བཏང་འོག ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་བརྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད་ལ། ཁྱབ་ཁོངས་མང་བོ་ནས་འབྲེལ་འདྲིས་དང་མཉམ་ལས་སྲུང་འཛིན་བྱེད་དགོས་ཟེར། གསར་དུ་འགན་ཁུར་བའི་ཕུའུ་ཐའོ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡིན་པའི་ཆ་ནས། ཁོས་རང་ནུས་ཅི་ལྕོགས་ཀྱིས་ལས་འགན་ཁུར་དུ་བླངས་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་འབྲེལ་བ་དང་དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།