ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་གིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་བྱེད་ཐབས་དེ་ནི་ཨུ་རུ་སིའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཅིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་གསུམ་ཉིན་བསྟན་དོན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉེ་སྔོན་ཨུ་རུ་སིར་དམིགས་ནས་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་ནི་ཨུ་རུ་སིའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཅིག་ཡིན་པས་དང་ལེན་བྱེད་ཐབས་མེད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། བཀག་སྡོམ་བྱེད་ཐབས་དེ་དག་གིས་མ་གཞི་ནས་ཉམ་ཐག་པར་མངོན་པའི་ཨུ་རུ་སི་དང་ཨ་མེ་རི་ཁ་དང་། ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བར་གནོད་པ་ཚབས་ཆེན་བཟོས་ཡོད་ལ། ཨུ་རུ་སི་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་འབྱུང་བའི་བཀག་སྡོམ་བྱེད་ཐབས་དེ་དག་ལ་ཕངས་སེམས་སྐྱེས་ཡོད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་ད་རུང་བསྟན་དོན། བཀག་སྡོམ་བྱེད་ཐབས་དེ་དག་ནི་ངལ་བ་འབྲས་མེད་ཡིན་པ་དང་། རྒྱུ་མཚན་ནི་ཨུ་རུ་སིའི་བཅའ་ཁྲིམས་གཏན་འཁེལ་ལྟར་ན། བཀག་སྡོམ་བྱས་པའི་ཨུ་རུ་སིའི་སྤྱི་དམངས་དག་ལ་ཕྱི་རྒྱལ་དུ་དངུལ་ཁང་རྩིས་ཐོ་ཡོད་མི་རུང་བས་ཡིན་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།