ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་འབར་མའི་ཕྱོགས་ཁག་སོ་སོས་ཞི་བའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཚེས་གཉིས་ཉིན་བརྙན་རིས་ཀྱི་རྣམ་པས་དངོས་གཞི་མིན་པའི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་བསྡུས་པ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་གསལ་སྒྲོག་སྤེལ་ཏེ། འབར་མའི་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་པའི་ཚུལ་བསྟན་དང་། འབར་མའི་ཕྱོགས་ཁག་སོ་སོས་ཞི་བའི་སྒོ་ནས་མིག་སྔའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་གཅིག་གྱུར་སྒོས་བལྟས་ན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་གང་ཡིན་གྱི་ཆབ་སྲིད་གཏན་འཇགས་དེ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ཐུན་མོང་ཚོགས་པའི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་པར་འདོད། གསལ་སྒྲོག་ལས་འབར་མའི་ཕྱོགས་ཁག་སོ་སོས་ཚད་ཆེན་པོའི་ཚོད་འཛིན་དང་བབ་བསྟུན་རང་བཞིན་སྲུང་འཛིན་བྱེད་པ་དང་། དྲག་ཤུགས་ལ་ངན་སྐུལ་བྱེད་པར་སྔོན་འགོག་བྱེད་པ། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་སྤེལ་ནས་འགྲིག་མཐུན་བརྩོན་ལེན་བྱས་ཏེ། འབར་མའི་མི་དམངས་ཀྱི་ཁེ་ཕན་དང་འཚམ་པའི་ཞི་བའི་གནད་དོན་ཐག་གཅོད་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་དགོས་པར་འདོད། 

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཞི་བདེ་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་ཐབས་ཀྱིས་འབར་མར་སྔར་ལས་མང་བའི་རོགས་རམ་འདོན་སྤྲོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།