ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱའི་ཙུང་ལི་ཡིས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་ཡིད་འཐད་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་ཚེས་གཅིག་ཉིན་བསྟན་དོན། གལ་ཏེ་གྲོས་ཁང་གི་ཆོག་མཆན་ཐོབ་ན། ཁོ་རང་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་འཐད་པ་ཡིན་ཟེར། 

ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕཱ་ཞེ་ནེ་དབྱང་གིས་ཉིན་དེར་ཨེ་མེ་ནི་ཡཱའི་རྒྱལ་ས་ཨེ་ལི་ཝུན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐང་ཆེན་ནས་སྤེལ་བའི་འདུ་ཚོགས་སྟེང་གོང་གི་བསམ་ཚུལ་དེ་བསྟན་པར་མ་ཟད། ད་ལོར་རྩ་ཁྲིམས་བཟོ་བཅོས་ལ་སྤྱི་བས་བརྡས་ཐག་གཅོད་པའི་བྱ་འགུལ་སྤེལ་བའི་འབོད་སྐུལ་བཏང་། 

ཕཱ་ཞེ་ནེ་དབྱང་གིས་བཤད་རྒྱུར། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ལ་ཉེན་ཁའི་རྒྱུ་རྐྱེན་རེ་འགའ་ཡོད་པའི་དབང་གིས་ཨེ་མེ་ནི་ཡཱ་ཡིས་ད་ལོའི་ཟླ་བཅུ་བར་རྩ་ཁྲིམས་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་དགོས་ལ། རྒྱལ་ཁབ་ཀྱི་ཆབ་སྲིད་སྒྲིག་ལུགས་དེ་ཙུང་ཐུང་ལམ་ལུགས་སུ་བར་བརྒལ་བྱེད་པ་ནི་གདམ་གསེས་ཀྱི་ནང་དོན་བྱེ་བྲག་པ་ཞིག་ཡིན་ཟེར། ཁོས་བསྟན་དོན། གྲོས་ཁང་དང་སྲིད་གཞུང་། ཙུང་ཐུང་སོགས་ཕྱོགས་སོ་སོའི་ཆབ་སྲིད་སྟོབས་ཤུགས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ་འཕེལ་རིམ་དེར་སྐུལ་འདེད་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།