སུ་རུ་ཡའི་དམག་ཕྱོགས་ཀྱིས་དབྱི་སི་རལ་གྱིས་མཁའ་ལམ་ནས་ཏ་མཱ་ཧྲི་ཀའི་ཉེ་འཁོར་དུ་འཇབ་རྒོལ་བྱས་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུ་རུ་ཡའི་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེའི་དགོང་མོར་སི་རུ་ཡའི་རྒྱལ་ས་ཏ་མཱ་ཧྲི་ཀའི་ཉེ་འཁོར་དུ་འབར་མདེལ་འཇབ་རྒོལ་བྱས་ནའང་། སི་རུ་ཡའི་མཁའ་ཟོན་མ་ལག་གིས་འབར་མདེལ་མང་ཆེ་བ་རྩ་མེད་དུ་བཏང་།

སི་རུ་ཡའི་རྒྱལ་སྲུང་སྡེ་ཁག་གིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ས་གནས་དེའི་དུས་ཚོད་ཉེར་གཉིས་དང་སྐར་མ་བཅུ་དྲུག་གི་སྟེང་དུ། དབྱི་སི་རལ་དམག་ཕྱོགས་ཀྱིས་བདག་བཟུང་བྱས་པའི་ཀི་ལན་བཙན་ས་ནས་མཁའ་ལམ་འཇབ་རྒོལ་བྱས་ཏེ། ཏ་མཱ་ཧྲི་ཀི་ཉེ་འཁོར་དུ་དམིགས་འབེན་མང་དག་ཅིག་ལ་གཟས་ཏེ་འབར་མདེལ་གང་མང་འཕངས་ནའང་། སི་རུ་ཡའི་མཁའ་ཟོན་མ་ལག་གིས་འབར་མདེལ་མང་ཆེ་བ་གཏོར། གསལ་བསྒྲགས་ལས་མཁའ་ལམ་འཇབ་རྒོལ་ལ་བརྟེན་ནས་བཟོས་པའི་རྨས་སྐྱོན་དང་རྒྱུ་ནོར་གྱོང་གུད་སོགས་ཀྱི་གནས་ཚུལ་མ་བསྒྲགས། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།