ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་རོགས་སྐྱོར་བྱས་པའི་ཧྥི་ལི་ཕིན་གྱི་རིམས་འགོག་སྨན་ཁབ་ཁག་དང་པོ་མ་ནི་ལར་འབྱོར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདི་ནི་ཟླ2པའི་ཚེས28ཉིན་ལས་དོན་མི་སྣས་ཧྥི་ལི་ཕིན་གྱི་མ་ནི་ལ་རུ་ཀྲུང་གོས་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་དབོར་འདྲེན་བྱེད་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོས་རོགས་སྐྱོར་བྱས་པ་དང་ཧྥི་ལི་ཕིན་གྱིས་རྩིས་ལེན་བྱས་པའི་རིམས་འགོག་སྨན་ཁབ་ཁག་དང་པོ་དེ་ཟླ་2པའི་ཚེས28ཉིན་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལ་རུ་ཡོད་པའི་པི་ལི་ཡ་མོར་གྱི་མཁའ་དམག་རྟེན་གཞིར་རུ་འབྱོར་ཞིང་། ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་དང་ཧྥི་ལི་ཕིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧོང་ཤིས་ལན་གཉིས་གནམ་ཐང་དུ་ཕེབས་ནས་བསུ་བ་བྱས།

འདི་ནི་ཟླ2པའི་ཚེས28ཉིན་ལས་དོན་མི་སྣས་ཧྥི་ལི་ཕིན་གྱི་མ་ནི་ལ་རུ་ཀྲུང་གོས་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་དབོར་འདྲེན་བྱེད་པའི་རྣམ་པ་རེད།

འདི་ནི་ཟླ2པའི་ཚེས28ཉིན་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐེར་ཐེ་ཡིས་མ་ནི་ལ་རུ་ཀྲུང་གོའི་ཁི་ཞིན་ཀུང་སིས་ཐོན་སྐྱེད་བྱས་པའི་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་སྟོན་པའི་རྣམ་པ་རེད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།