ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་རིམས་འགོག་སྨན་ཁབ་ཁག་དང་པོ་ཐེ་གོ་རུ་འབྱོར་བ་དང་ཐེ་གོའི་ཙུང་ལི་པ་ཡུས་ཀྱིས་དངོས་སུ་རྩིས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་གནས་དེ་གའི་དུས་ཚོད་ཚེས24ཉིན་གྱི་ཆུ་ཚོད10ཡས་མས་སུ་ཐེ་གོ་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཀྲུང་གོའི་ཁུ་ཞིན་པྲོག་གསར་རིམས་འགོག་སྨན་ཁབ་དེ་ཐེ་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའིTG675གནམ་གྲུས་མན་ཀུའུ་སུའུ་ཝན་ནཱ་ཕུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་དབོར་ཞིང་དེ་ནི་ཐེ་གོར་འབྱོར་བའི་རིམས་འགོག་སྨན་ཁབ་ཁག་དང་པོ་རེད།

ཐེ་གོའི་ཙུང་ལི་པ་ཡུས་གནམ་གྲུ་ཐང་དུ་སོང་ནས་ཡུལ་དངོས་ནས་རིམས་འགོག་སྨན་ཁབ་རྩིས་ལེན་གྱི་མཛད་སྒོར་མགོ་འཛིན་བྱས་པ་དང་། ཐེ་གོའི་ཙུང་ལི་གཞོན་པ་དང་འཕྲོད་བསྟེན་པུའུ་ཀྲང་ཨ་ནུའུ་ཐིང་དང་ཐེ་གོ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ཚབ་སྒྲུབ་པ་དབྱང་ཞིན་མཛད་སྒོར་ཞུགས།

ཐེ་གོ་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཀྲུང་གོའི་པྲོག་གསར་རིམས་འགོག་སྨན་ཁབ་ཁག་དང་པོ་དེ་སྨན་ཁང་གི་ལས་བཟོ་བ་དང་རིམས་ནད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་ལ་སྔོན་ལ་རྒྱག་རྒྱུ་ཡིན་པ་དང་།རྗེས་སུ་ད་དུང་ཀྲུང་གོའི་ཁུ་ཞིན་པྲོག་གསར་རིམས་འགོག་སྨན་ཁབ་ཁག་གཉིས་པ་ཟླ3པ་དང་ཟླ4པར་ཐེ་གོ་རུ་དབོར་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།