དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ནེ་ཡིས་ཨ་མེ་རི་ཁས་དཔལ་འབྱོར་འཇིགས་སྐུལ་རིང་ལུགས་ཀྱི་སྲིད་ཇུས་སྤྱོད་མཚམས་འཇོག་རྒྱུ་དེ་ནི་ཕྱོགས་གཉིས་ཀྱི་གྲོས་མོལ་གྱི་སྔོན་འགྲོ་ཡིན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ནེ་ཡིས་ཚེས་ཉེར་བཞི་ཉིན་ཨ་མེ་རི་ཁས་དབྱི་ལང་ལ་དམིགས་པའི་དཔལ་འབྱོར་འཇིགས་སྐུལ་རིང་ལུགས་ཀྱི་སྲིད་ཇུས་མྱུར་མོར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བ་དང་།  དེ་ནི་དབྱི་ལང་གིས་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་གྱི་ཕྱོགས་མང་རིང་ལུགས་ཀྱི་སྒྲོམ་གཞིའི་ནང་གི་གྲོས་མོལ་མགོ་རྩོམ་པའི་སྔོན་འགྲོ་ཡིན་པའི་ཚུལ་བསྟན།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན།  ལུའུ་ཧ་ནེ་ཡིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་སྟེང་བཤད་རྒྱུར།   དབྱི་ལང་གིས་སྔར་བཞིན་ཁྱོན་ཡོངས་ཀྱི་གྲོས་མཐུན་སྲུང་སྐྱོང་བྱེད་འདོད་ཡོད་ཀྱང་།   མིག་སྔར་གྱི་གནས་ཚུལ་འོག་གྲོས་མཐུན་སྲུང་སྐྱོབ་བྱེད་ཐུབ་མིན་གྱི་གནད་འགག་དེ་ཨ་མེ་རི་ཁས་དཔལ་འབྱོར་འཇིགས་སྐུལ་རིང་ལུགས་ཀྱི་སྲིད་ཇུས་མཚམས་འཇོག་མིན་ལ་རག་ལས་ཡོད།    གལ་ཏེ་ཨ་མེ་རི་ཁས་སྲིད་ཇུས་དེ་སྤྱོད་མཚམས་བཞག་ན་ཕྱོགས་གཉིས་ཀྱིས་གྲོས་མོལ་མགོ་བརྩམས་ཆོག་པ་ཡིན་མོད། འོན་ཀྱང་གྲོས་མཐུན་ཁྲོད་དུ་དོན་ཚན་གསར་པ་ཁ་སྣོན་བྱེད་མི་སྲིད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།