ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱ་ཡིས་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་གཞུང་ཚབ་ཆེན་མོ་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཨ་ལོས་ཡཱ་སཱ་ཡིས་ཚེས་ཉེར་བཞིའི་ཉིན་ཝེ་ནེ་ཙུའེ་ལཱ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་དབྱེ་ཧྲ་པེ་ཨར་ཕའེ་ཏི་ལོ་སཱ་མཐར་སྐྲོད་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཁོ་མོ་དུས་ཚོད་དོན་གཉིས་ནང་ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན། 

ཨ་ལོས་ཡཱ་སཱ་ཡིས་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་ཙུང་ཐུང་མཱ་ཏུའུ་ལོ་ཡི་ཆོད་དོན་གཞིར་བཟུང་སྟེ། དབྱེ་ཧྲ་པེ་ཨར་ཕའེ་ཏི་ལོ་སཱ་ནི་དགའ་བསུ་མི་བྱེད་པའི་མི་ཡིན་པ་ཁྱབ་སྒྲོག་བྱས་པ་དང་། ཁོ་མོ་དུས་ཚོད་དོན་གཉིས་ནང་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉེ་བའི་ལོ་འགའི་རིང་ལ་བསྟུད་མར་ཝེ་ནེ་ཙུའེ་ལཱར་ཐེ་གཏོགས་བྱས་པ་དང་། རིམ་བརྩིས་ཀྱིས་ཝེ་ནེ་ཙུའེ་ལཱར་ཐེ་གཏོགས་བྱས་པར་འབྲེལ་བའི་གྲོས་ཆོད་དང་བཀག་སྡོམ་བྱེད་ཐབས་སྣ་ང་ལྔར་གྲོས་མཐུན་བཀོད་ཡོད་ཟེར། ཨ་ལོས་ཡཱ་སཱ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དོན་དེར་བསམ་བློ་ཡག་པོ་བཏང་སྟེ། ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་ཝེ་ནེ་ཙུའེ་ལཱའི་བར་འབྲེལ་འདྲིས་དང་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།