ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་ཟུར་སྣོན་གྲོས་ཆོད་ཡི་གེ་ལག་བསྟར་བྱེད་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་གཏན་འཁེལ་བྱས་པའི་དུས་ཚོད་ནང་དབྱི་ལིང་གི་ཁས་ལེན་ཐོབ་པའི་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་གཏོང་བའི་བྱེད་ཐབས་མ་སྤྱད་པས། དབྱི་ལིང་གིས་ཉིན་དེ་ནས་བཟུང་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་ཟུར་སྣོན་གྲོས་ཆོད་ཡི་གེ་ལག་བསྟར་བྱེད་མཚམས་བཞག་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་བྱ་འགུལ་གི་ལྟ་རྟོག་ཞིབ་བཤེར་བྱ་བ་སྐོར་ཞིག་ལ་ཚོད་འཛིན་བྱས། 

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། དབྱི་ལིང་ནི་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་ཁོངས་གཏོགས་རྒྱལ་ཁབ་ཡིན་པས། མུ་མཐུད་དུ་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་དང་འགན་སྲུང་གྲོས་ཆོད་ལག་བསྟར་བྱེད་རྒྱུ་མ་ཟད། མུ་མཐུད་དུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་མཉམ་ལས་བྱེད་རྒྱུ་ཡིན་ཡང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་སྒྲིག་ཆས་ཀྱི་བརྙན་རིས་ལྟ་ཞིབ་ཚོད་འཛིན་རྒྱུ་ཆ་དག་སྔོན་ཆད་དང་འདྲ་བར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་བར་དུས་བཅད་ལྟར་མཉམ་སྤྱོད་བྱེད་མི་སྲིད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།