ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སིའི་དམག་དཔུང་གིས་དུས་ངེས་མེད་དུ་ཆེས་དཀའ་ཚེགས་ཀྱི་འགྲན་རྩོད་གདོང་གིས་བསུ་བར་གྲ་སྒྲིག་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གསུམ་ཉིན་ཨུ་རུ་སིའི་མེས་རྒྱལ་སྲུང་སྐྱོབ་མཁན་གྱི་ཉིན་མོར་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཆེས་དཀའ་ཚེགས་ཀྱི་འགྲན་རྩོད་གདོང་གིས་བསུ་བར་གྲ་སྒྲིག་བྱེད་དགོས་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་མིག་སྔར་དོགས་ཟོན་མཐོར་འདེགས་བྱེད་དགོས་པ་དང་། དུས་ངེས་མེད་དུ་དཀའ་ཚེགས་ཆེན་པོ་གདོང་གིས་བསུ་བར་གྲ་སྒྲིག་བྱེད་དགོས། ཨུ་རུ་སིའི་མི་དམངས་དག་གིས་ཨུ་རུ་སིའི་དམག་དཔུང་གི་འཐབ་འཛིང་ནུས་པ་དང་། དེང་རབས་ཤེས་བྱ་ཁོང་དུ་ཆུད་ཚད། ཆེས་གསར་བའི་མཚོན་ཆ་བེད་སྤྱོད་བྱེད་པའི་ཆུ་ཚད་བཅས་རང་གི་ང་རྒྱལ་དུ་རློམ་ཡོད་ཟེར། 

ཕུའུ་ཅིན་གྱིས་ཞུ་ཚིག་འབུལ་སྐབས་ཨུ་རུ་སིའི་དམག་མིས་ལས་འགན་ཁུར་ལེན་བྱས་པར་བཀའ་དྲིན་ཞུས་པ་དང་། དྲག་ཆས་དམག་དཔུང་གི་འཐབ་འཛིང་ནུས་པར་ཁས་ལེན་བྱས། ཁོས་ད་རུང་དམག་དཔུང་ལས་ཕྱིར་བུད་པའི་དམག་མིར་གུས་སེམས་བསྟན། 

ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ན་གཞོན་དག་གི་དམག་དོན་ཆེད་ལས་ཀྱི་སྤྲོ་བ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། སྔར་ལས་མང་བའི་ན་གཞོན་གྱིས་དམག་བསྡུའི་གལ་ཆེན་རང་བཞིན་ལ་ཁས་ལེན་བྱེད་བཞིན་ཡོད་ལ། སྔར་ལས་མང་བའི་མིས་རྒྱལ་སྲུང་ལས་དོན་གྱི་ཆེད་དུ་ཡོད་ཚད་འབུལ་བའི་བྱ་བ་གདམ་གསེས་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།