ཝུན་ལའེ་ཡིས་དམག་གཟིགས་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ་རྒྱལ་ཁབ་བཙུགས་ནས་ལོ་ངོ་སོ་བདུན་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུན་ལའེ་ཡིས་ཚེས་ཉེར་གསུམ་ཉིན་དམག་གཟིགས་དང་ཁྲོམ་སྐོར་བྱ་འགུལ་སྤེལ་ནས་རྒྱལ་ཁབ་བཙུགས་ནས་ལོ་ངོ་སོ་བདུན་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།

དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་དེ་ཝུན་ལའེ་ཡི་རྒྱལ་ས་སི་ལི་པཱ་ཅཱ་ཝན་གྲོང་ཁྱེར་ནས་སྤེལ། ཝུན་ལའེ་རྒྱལ་ཁབ་ཀྱི་མགོ་གཙོ་ཧཱ་སིང་ནཱ་ཨར་པའོ་ཨར་ཅི་ཡཱ་དང་རྒྱལ་བོའི་ཕོ་བྲང་གི་ཁོངས་མི་དག་གྲོང་ཁྱེར་ལྟེ་གནས་ཀྱི་སའེ་ཧྥུའུ་ཏེན་ཐང་ཆེན་དུ་སྤེལ་བའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པར་མ་ཟད། རྒྱུན་སྲོལ་ལྟར་དུ་དམག་གསུམ་གཟབ་སྦྲེང་རུ་ཁག་དང་དྲག་ཆས་དམག་དཔུང་གི་དཔོན་དམག སློབ་གསོའི་ལས་ཁུངས། གྲངས་ཉུང་མི་རིགས་ཚོགས་ཁག་སོགས་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣས་གྲུབ་པའི་ཁྲོམ་སྐོར་དཔུང་སྡེ་ལ་ལྟ་ཞིབ་བྱས། 

པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ད་ལོའི་དགའ་སྟོན་རྟེན་འབྲེལ་བྱ་འགུལ་གྱི་གཞི་རྒྱ་ཇེ་ཆུང་དུ་བཏང་ཡོད་ལ། བསྡོམས་པས་མི་སྟོང་བཞི་ཉིན་དེའི་ཁྲོམ་སྐོར་དང་ཐང་ཆེན་འཁྲབ་སྟོན་ལ་ཞུགས། སྨན་བཅོས་མི་སྣས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཁྲོད་བཞག་པའི་བྱས་རྗེས་མངོན་པར་བྱེད་ཆེད། ཁོ་ཚོ་ཐོག་དང་པོར་ཐུན་མོང་གི་རྣམ་པས་རྒྱལ་ཡོངས་རང་བཞིན་གྱི་འདུ་ཚོགས་ཁྲོད་ཞུགས་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།