འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་གཅིག་འབུམ་བདུན་ཁྲི་བཞི་སྟོང་དགུ་ཉེར་གསུམ་ལ་བསླེབས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གིི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཅིག་དང་བྱེ་བ་གཅིག་འབུམ་བདུན་ཁྲི་བཞི་སྟོང་དགུ་ཉེར་གསུམ་ལ་བསླེབས་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་ཉེར་གཅིག་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་གསུམ་དང་ཁྲི་ལྔ་སྟོང་དགུ་བཞི་བརྒྱ་གྱ་བརྒྱད་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་འབུམ་བདུན་ཁྲི་བཞི་སྟོང་དགུ་ཉེར་གསུམ་ལ་བསླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དགུ་དང་དོན་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ས་ཡ་གཉིས་དང་འབུམ་བཞི་ཁྲི་ལྔ་སྟོང་ལྔ་བརྒྱ་དང་སོ་གཅིག་ལ་བསླེབས་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།