ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་རྒྱ་གར་གྱི་སྐོར་ཐེངས་བཅུ་བའི་འབུམ་དཔོན་རིམ་པའི་གྲོས་མོལ་སྤེལ།

  རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོའི་རྒྱལ་སྲུང་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་དམག་དཔུང་གིས་མའོ་ཨར་ཏའོ་ཁྲུའུ་ཧྲུའུ་ལེའི་གྲོས་མོལ་བྱེད་སའི་ཀྲུང་གོའི་ཕྱོགས་ནས་སྐོར་ཐེངས་བཅུ་བའི་འབུམ་དཔོན་རིམ་པའི་གྲོས་མོལ་སྤེལ་བ་རེད། 

ཕྱོགས་གཉིས་ཀྱིས་དེའི་སྔོན་སྤང་ཀོང་མཚོ་ས་ཁུལ་གྱི་དམག་ཤུགས་ཀྱིས་རང་ཚོད་བཟུང་བར་གདེང་འཇོག་ཆེན་པོ་བྱས་པ་དང་། དེ་ནི་གྲུབ་འབྲས་བཟང་བོ་ཞིག་ཡིན་པར་འདོད་ལ། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་གྱི་གནད་དོན་གཞན་པ་ཐག་གཅོད་བྱེད་པར་རྨང་གཞི་འདོན་སྤྲོད་བྱས་ཡོད་པར་འདོད། ཕྱོགས་གཉིས་ཀྱིས་མཐའ་མཚམས་ས་ཁུལ་གྱི་གནད་དོན་གཞན་པའི་ཐད་ནས་ལྷག་བསམ་རྣམ་དག་གིས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་གཞིར་བཟུང་སྟེ། མུ་མཐུད་དུ་འབྲེལ་འདྲིས་དང་གྲོས་མོལ་རྒྱུན་འཁྱོངས་སྒོས་ད་ལྟའི་གནས་བབ་ལ་ཚོད་འཛིན་བྱས་ནས། རིམ་བཞིན་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་གཉིས་ཀྱིས་དང་ལེན་ཐུབ་པའི་ཐག་གཅོད་ཇུས་གཞི་བཀོད་དེ་མཉམ་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཡིད་འཐད་བྱུང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།